
ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས3ཉིན་ཁྱབ་བསྒྲགས་བྱས་དོན། སྐབས་བརྒྱད་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ཟླ11པའི་ཚེས5ཉིན་ནས་ཚེས10ཉིན་བར་ཧྲང་ཧེ་ནས་བསྡུ་རྒྱུ་ཡིན་པ་དང་། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཁི་པཱ་ཞེ་ཙེ་དང་སེར་ཝེ་ཡཱའི་ཙུང་ལི་མཱ་ཁྲུའུ་ཐི། ནེ་ཀྲི་རི་ཡཱའི་དམངས་གྲོས་ཁང་གི་གྲོས་དཔོན་ཐཱ་ཅེ་ཏེན། སི་ལོ་ཝུན་ནེ་ཡཱ་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ཐི་ལི་ཆི་སོགས་ཕྱི་རྒྱལ་གྱི་མགོ་ཁྲིད་པ་གདན་ཞུས་ལྟར་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོ་དང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།