ཕེ་རུའི་ཕྱི་འབྲེལ་བློན་ཆེན་གྱིས་མའོ་ཞི་ཁོའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཕེ་རུའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕེ་རུའི་ཕྱི་འབྲེལ་བློན་ཆེན་ཏི་སེ་ལཱ་ཡིས་ཚེས3ཉིན་ཁྱབ་བསྒྲགས་བྱས་དོན། མའོ་ཞི་ཁོའི་ཕེ་རུ་རུ་སྡོད་པའི་གཞུང་ཚབ་ཁང་གིས་ཕེ་རུའི་སྔོན་ཆད་ཀྱི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཆི་ནོའུ་ལ་ཆབ་སྲིད་འགེབས་སྲུང་བྱས་པའི་དབང་གིས་ཕེ་རུ་ཡིས་མའོ་ཞི་ཁོའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།