
ཁཱ་ནཱ་ཏཱའི་ཞིང་ལས་དང་ཞིང་ལས་ཟས་རིགས་པུའུ་ཀྲང་མེད་ཁི་ཐང་ནཱ་ཡིས་ཉེ་སྔོན་བསྟན་དོན། ཁཱ་ནཱ་ཏཱ་དང་ཀྲུང་གོའི་ཞིང་ལས་ཉོ་ཚོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།
མེ་ཁི་ཐང་ནཱ་ཡིས་གསར་འགྱུར་ཅིག་ལས་བཤད་རྒྱུར། ཁཱ་ནཱ་ཏཱ་དང་ཀྲུང་གོའི་འབྲེལ་བའི་ཡུན་རིང་ཞིང་། ཀྲུང་གོ་ནི་ཁཱ་ནཱ་ཏཱའི་ཁེ་ལས་ཀྱི་ཚོང་ལས་ཚོང་ར་གལ་ཆེན་ཞིག་ཡིན། ཁཱ་ནཱ་ཏཱ་ཡིས་ཕྱོགས་གཉིས་ཀྱི་ཉོ་ཚོང་གནད་དོན་ཐད་ནས་ཀྲུང་གོའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་བར་འབད་འབུངས་བྱེད་བཞིན་ཡོད་ཟེར།
མེད་ཁི་ཐང་ནཱ་ཡིས་ཀྲུང་གོར་འཚམས་འདྲི་བྱས་མ་ཐག་ཡིན། ཁོས་བསྟན་དོན། ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱས་པ་ལས་ངས་ཀྲུང་གོ་དང་ཐད་ཀར་གྲོས་མོལ་བྱེད་པའི་གོ་སྐབས་བྱུང་བ་དང་། ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པར་མ་ཟད། དངོས་སུ་གོ་སྐབས་དང་འགྲན་རྩོད་ལ་རྒྱུས་ལོན་བྱས་པ་ཡིན་ཟེར། ཁོས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་སྐུལ་འདེད་་གཏོང་རྒྱུ་ཡིན་ཟེར།
ཀྲུང་གོ་ནི་དུས་ཡུན་རིང་བོར་ཁཱ་ནཱ་ཏཱའི་ཉོ་ཚོང་གྲོགས་པོ་ཆེན་པོ་ཨང་གཉིས་པ་ཡིན་པ་དང་། ད་ལོའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གཞི་རྒྱ་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།