ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡང་བསྐྱར་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས4ཉིན་སྤྱི་སྒྲོག་སྤེལ་ཏེ། ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཝུའུ་ཁི་ལན་ལ་སྐོར་ཐེངས་ལྔ་བའི་དུས་བཅད་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་པའི་ཆོད་དོན་ལ་གྲོས་མཐུན་བཀོད་པ་དང་། ཝུའུ་ཁི་ལན་ལ་ཡོ་རོབ་གླིང་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལས་བརྒལ་བའི་མ་དངུལ་ཐོབ་ཐུབ་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། རོགས་སྐྱོར་མ་དངུལ་དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འོག་བྱིན་པ་ཡིན་ལ། གཙོ་བོ་ཝུའུ་ཁི་ལན་གྱི་ཆེ་མཐོང་དངུལ་ལོར་གྱི་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་ཐད་བཀོལ་རྒྱུ་མ་ཟད། དེའི་སྤྱི་བའི་སྲིད་འཛིན་སྡེ་ཁག་གི་རྒྱུན་མཐུད་འཁོར་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་གྱི་རོགས་སྐྱོར་རྐྱེན་སྲོལ་ནི2024ལོའི་ཟླ3པའི་ཚེས1ཉིན་ནུས་ལྡན་དུ་གྱུར་བ་ཡིན་ཞིང་། དམིགས་ཡུལ་ནི་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་ལྔའི་གཏན་འཇགས་མ་དངུལ་འདོན་སྤྲོད་བྱས་ཏེ། ཞལ་འདེབས་འབུལ་བ་དང་དངུལ་བུན་བསྐྱི་བའི་རྣམ་པའི་སྒོ་ནས་ཝུའུ་ཁི་ལན་གྱིས2024ལོ་ནས2027ལོའི་བར་གྱི་སླར་གསོ་དང་བསྐྱར་འཛུགས་དེང་རབས་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཆེད་རེད། རྐྱེན་སྲོལ་དེ་ནུས་ལྡན་དུ་གྱུར་བའི་ཚུན་ལ། རྐྱེན་སྲོལ་དེས་སྐོར་ཐེངས་བཞིར་བགོས་ནས་སོ་སོར་ཡོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་དང་། ཡོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཅིག ཡོ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ། ཡོ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་བཅས་བྱིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།