ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ནས་ཡོ་རོབ་གླིང་གི་ནམ་ཟླའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཐད་ནས་གྲོས་འཆམ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས5ཉིན་ཁྱབ་བསྒྲགས་བྱས་དོན། ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཡོ་རོབ་གླིང་གི་ནམ་ཟླའི་བཅའ་ཁྲིམས་ཐད་ནས་གྲོས་འཆམ་བྱུང་སྟེ་ལངས་ཕྱོགས་གཅིག་ཏུ་གྲུབ་པའི་ཡིག་ཆ་བཀོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི2035ལོའི་བར་གྱི་དྲོད་རླངས་ཉུང་འདོན་གྱི་དམིགས་འབེན་གསར་བསྒྱུར་བྱེད་པར་ཆོག་མཆན་བཀོད།

ཡིག་ཆ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་དུས་ཡུན་འབྲིང་གི་ནམ་ཟླའི་དམིགས་འབེན་སྟེ། 2040ལོའི་བར1990ལོའི་ཆུ་ཚད་ཀྱི་རྨང་གཞིའི་སྟེང་བརྒྱ་ཆའི་དགུ་བཅུའི་དྲོད་རླངས་ཕྱིར་གཏོང་གི་ཚད་ཇེ་ཉུང་དུ་གཏོང་བ་དེ་སྲུང་འཛིན་བྱས་ཡོད།

ལངས་ཕྱོགས་ཡིག་ཆ་དེ་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གླིང་གྲོས་ཁང་གི་རྗེས་མཐུད་ཕྱོགས་གསུམ་གྲོས་མོལ་གྱི་རྨང་གཞིའི་ཡིག་ཆར་བྱེད་རྒྱུ་ཡིན་ལ། ཡོ་རོབ་གླིང་གྲོས་ཁང་གིས་རང་གི་ལངས་ཕྱོགས་གྲུབ་པར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས། ཡོ་རོབ་གླིང་གྲོས་ཁང་བཅས་ཀྱིས་མཇུག་མཐའི་ཁྲིམས་འཛུགས་པར་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།