ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་དང་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཞི་བདེའི་འཕེལ་རིམ་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་བསླེབས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཚེས5ཉིན་བསྟན་དོན། ཐུར་ཁེ་དང་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཞི་བདེའི་འཕེལ་རིམ་དེ་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་བསླེབས་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཁང་ཏང་ཚོགས་ཀྱི་གྲོས་ཚོགས་སྟེང་། ཁུའུ་ཨར་ཏི་བཟོ་བའི་ཏང་གིས་ཟླ་སྔོན་མའི་ཚེས26ཉིན་ཐུར་ཁེའི་མངའ་ཁོངས་ནས་དྲག་ཆས་སྟོབས་ཤུགས་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པའི་ཐད་ནས་གཏམ་བཤད་སྤེལ། ཁོས་རྒྱལ་ཡོངས་ཀྱི་མཐུན་སྒྲིལ་སྲུང་འཛིན་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོས་འབད་བརྩོན་གྱིས་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཁོས་གཟའ་འཁོར་སྔོན་མར་གྲོས་ཁང་གི་ཏང་ཁག་ཆེན་མོ་གསུམ་དང་ཁུའུ་ཨར་ཏིའི་མི་ལ་བློ་ཉེ་བའི་མི་དམངས་འདྲ་མཉམ་དང་དམངས་གཙོ་ཏང་གི་མཐོ་རིམ་ཁོངས་མི་དག་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་ཆེན་པོ་ལྡན་པའི་གྲོས་མོལ་ཐེངས་ཞིག་སྤེལ་བར་མ་ཟད། ཁོ་རང་ཉིད་ཀྱིས་ཏང་ཁག་དེའི་བཏོན་པའི་བཙོན་འཇུག་བྱས་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མགོ་ཁྲིད་པ་ཨིག་ཅཱ་ལན་གྱིས་གྲོས་མིར་གཏམ་བཤད་སྤེལ་བའི་འདོད་ཚུལ་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པའི་ལྐོག་བརྡ་བཏང་།

དབྱེ་ཞིབ་མི་སྣས་བལྟས་ན། ཨེ་ཨར་ཏའོ་ཨན་གྱི་གོང་སྨྲས་གཏམ་བཤད་ལས་ཐུར་ཁེའི་སྲིད་གཞུང་གིས་ཨིག་ཅཱ་ལན་དང་འབྲེལ་འདྲིས་བྱེད་སྲིད་པར་འདོད། ཨིག་ཅཱ་ལན་ནི1999ལོར་འཛིན་བཟུང་བྱས་རྗེས་ད་ལྟའི་བར་དབྱི་སི་ཐན་པོར་ཉེ་འདབས་ཀྱི་དབྱེ་མུའུ་ལཱ་ལེ་གླིང་ཕྲན་དུ་བཙོན་འཇུག་བྱས་ཡོད། ཨིག་ཅཱ་ལན་གྱིས་ཁུའུ་ཨར་ཏི་བཟོ་བའི་ཏང་གིས་མཚོན་ཆ་བསྐྱུར་ནས་རྩ་འཛུགས་དེ་གཏོར་བར་སྐུལ་འདེད་གཏོང་བའི་ཐད་གནད་འགག་གི་ནུས་པ་ཐོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།