ཀང་ཚོན་ཧྥུའུ་ཧྥུ་ཅེ་ཁིའི་དམངས་གྲོས་ཁང་གི་ཀྲུའུ་ཞིར་བདམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཚེས5ཉིན་གྱི་དགོང་མོར། སྐབས་གསར་བའི་ཅེ་ཁིའི་དམངས་གྲོས་ཁང་གིས་རང་དབང་དང་ཐད་ཀར་དམངས་གཙོའི་ཏང་གི་ཀྲུའུ་ཞི་ཀང་ཚོན་ཧྥུའུ་ཧྥུ་དམངས་གྲོས་ཁང་གི་ཀྲུའུ་ཞི་གསར་བར་བསྐོ་འཇོག་བྱས།

ཀང་ཚོན་ཧྥུའུ་ཧྥུ་ནི1972ལོར་འཇར་པན་ཏུང་ཅིང་དུ་སྐྱེས་པ་དང་། ཁོའི་ཨ་མ་ཅེ་ཁི་རྒྱལ་ཁབ་ཀྱི་ཡིན་པ་དང་། ཨ་ཕ་འཇར་པན་དང་ཧན་གོའི་རིགས་རྒྱུད་ཡིན། རང་དབང་དང་ཐད་ཀར་དམངས་གཙོ་ཏང་གིས་མི་རིགས་རིང་ལུགས་དང་གནས་སྤོར་སྡོད་དམངས་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བཟུང་བས་སྐད་གྲགས་ཆེ་བ་ཡིན་ལ། ཡོངས་ཁྱབ་ཏུ་གཡས་ཕྱོགས་མེན་ཚོས་རིང་ལུགས་ཀྱི་སྲིད་ཏང་དུ་ངོས་བཟུང་ཡོད། ཀང་ཚོན་ཧྥུའུ་ཧྥུ་དམངས་གྲོས་ཁང་གི་ཀྲུའུ་ཞིར་བདམས་པ་ཡང་ཏང་ཁག་དེའི་ཁོངས་མིས་ད་ལྟའི་བར་ཅེ་ཁིའི་སྲིད་སྟེགས་ནས་འགན་ཁུར་བའི་ཆེས་མཐོའི་གོ་གནས་རེད།

ཉིན་དེ་དགོང་མོའི་དམངས་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ནེ་ཀི་རྩ་འཛུགས་བྱེད་པའི་ཏང་ཁག་གསུམ་གྱི་མནའ་འབྲེལ་འདེམ་སྒུག་མི་སྣ་ཡིན་པའི་ཆ་ནས། ཀང་ཚོན་ཧྥུའུ་ཧྥུ་ལ་འདེམ་ཤོག197ཁྲོད་ཀྱི་འདེམ་ཤོག107ཐོབ་པ་དང་། དེའི་འགྲན་ཡ་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་ཅེ་ཁི་སི་ལོ་ཝ་ཁིའི་མི་དམངས་ཏང་གི་འདེམ་སྒུག་པ་པཱ་ཨར་ཐའོ་ཧྲི་ཁི་ལ་འདེམ་ཤོག81ཐོབ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།