
ཕའོ་ལན་རྒྱལ་སྲུང་པུའུ་ཡིས་ཚེས6ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་འདིའི་ཚེས22ཉིན་དམངས་ཡོངས་རང་འགུལ་གྱིས་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་འཆར་གཞི་ཞིག་ལག་བསྟར་བྱས་ཏེ། དམངས་ཡོངས་ཀྱིས་ཉམས་ཉེན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་དང་རྒྱལ་ཁབ་བདེ་འཇགས་ལ་ཤུགས་སྣོན་བྱས།
ཕའོ་ལན་གྱི་ཙུང་ལི་གཞོན་པའམ་རྒྱལ་སྲུང་པུའུ་ཀྲང་ཁཱ་མཱེ་ཧྲི་ཡིས་ཉིན་དེར་ཕའོ་ལན་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་འཆར་གཞི་དེ་ཁྱབ་བསྒྲགས་བྱས། ཁོས་བཤད་རྒྱུར། ཕའོ་ལན་གྱི་སྤྱི་དམངས་ཡོངས་ལ་ཁ་ཕྱོགས་ཏེ། ཕའོ་ལན་རྒྱལ་ཡོངས་སུ་བསྡོམས་པས་དམག་དོན་ལས་ཁུངས132ཀྱིས་འབྲེལ་ཡོད་གསོ་སྦྱོང་སློབ་ཁྲིད་འདོན་སྤྲོད་བྱེད་པའི་འཆར་གཞི་ཡོད། ཟབ་ཞུགས་མཁན་གྱིས་མི་སྒེར་གསོ་སྦྱོང་དང་། ཚོགས་ཁག་གསོ་སྦྱོང་། སློབ་གསོའི་ལས་ཁུངས། དམག་དོན་མཉམ་ལས་ཀྱི་སློབ་ཁྲིད། གྲ་སྒྲིག་དམག་དཔུང་གི་སྦྱོང་བརྡར་སོགས་གདམ་གསེས་བྱས་ཆོག་ཟེར།
ཕའོ་ལན་རྒྱལ་སྲུང་པུའུ་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་ད་ལོའི་ཟླ11པ་ནས་ཟླ12པའི་བར་མི་འབུམ་གཅིག་ཙམ་འཆར་གཞི་དེར་ཞུགས་སྲིད་པ་དང་། 2026ལོར་གསོ་སྦྱོང་མྱོང་བའི་མི་གྲངས་འབུམ་བཞི་ལ་བསླེབས་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།