
མཱ་ཆི་ཏོན་བྱང་མའི་སྲིད་འཛིན་ཞི་ལེ་ཡཱ་ནོའུ་ཧྥུའུ་སི་ཁཱ་དང་ཏཱ་ཧྥུའུ་ཁི་ཝ་ཡིས་ཉིན་དེར་མཱ་ཆི་ཏོན་བྱང་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཞའོ་ཡན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས་པ་དང་། མཱ་ཆི་ཏོན་བྱང་མས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ཡོད་ལ། ཡོ་རོབ་གླིང་གི་སྒོ་ཆེན་ཡིན་པའི་ཡུལ་བབ་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་གསར་བ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ་དང་། མི་གཞུང་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་སྣའི་འགྲོ་འོང་ལ་སྟབས་བདེ་བཟོ་འདོད་ཡོད་ཟེར། ཁོ་མོས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འདོན་ཆེན་མོ་བཞིའི་འདུ་ཤེས་གལ་ཆེན་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་ཕྱོགས་དང་ལག་རྡང་སྦྲེལ་ནས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
ཅང་ཞའོ་ཡན་གྱིས་བསྟན་དོན། ཀྲུང་གོ་དང་མཱ་ཆི་ཏོན་བྱང་མའི་ཡུན་རིང་བའི་མཛའ་བརྩེ་ཟབ་མོ་ལྡན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས་བྱེད་བཞིན་ཡོད། མཱ་ཆི་ཏོན་བྱང་མའི་ཡོ་རོབ་གླིང་གི་རྗེས་ཀྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་དང་ཡིད་རྟོན་རུང་བའི་བློས་ཐུབ་གྲོགས་པོ་ཡིན་པའི་ཆ་ནས། ཀྲུང་གོས་མཱ་ཆི་ཏོན་བྱང་མ་མའི་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་གོ་སྐབས་གསར་བ་མཉམ་སྤྱོད་དང་། གོ་ལ་ཧྲིལ་བོའི་གྲོས་འདོན་རབ་དང་རིམ་པ་མཉམ་དུ་ལག་བསྟར་བྱས་ཏེ། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།