ཨ་མེ་རི་ཁའི་དམག་དཔུང་གིས་ཡང་བསྐྱར་དུག་རྫས་ལྐོག་འཚོང་གྲུ་གཟིངས་ལ་འཇབ་རྒོལ་བྱས་ནས་མི3རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧི་ཀི་སེ་སི་ཡིས་ཚེས6ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཅཱ་ལེ་པུས་མཚོ་ཁོངས་ཀྱི་རྒྱལ་སྤྱིའི་མཚོ་ཁོངས་སུ་དུག་རྫས་ལྐོག་འཚོང་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་ཏེ། གྲུ་གཟིངས་སྟེང་གི་མི3རྐྱེན་ལམ་དུ་ཤོར་ཟེར།

ཁོས་བཤད་རྒྱུར། འགུལ་སྐྱོད་གསར་བ་དེ་ཡང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་མཛུབ་སྟོན་འོག་སྤེལ་བ་ཡིན་ལ། འཇབ་རྒོལ་ཐེབས་པའི་གྲུ་གཟིངས་དེ་ཨ་མེ་རི་ཁས་ངོས་འཛིན་བྱེད་པའི་འཇིགས་སྐུལ་རྩ་འཛུགས་ལ་གཏོགས་པ་དང་། འཇབ་རྒོལ་ཐེབས་སྐབས་གྲུ་གཟིངས་སྟེང་དུ་དུག་རྫས་དྲུད་ཡོད། ཧི་ཀི་སེ་སི་ཡིས་འབྲེལ་ཡོད་ཀྱི་བདེན་དཔང་འདོན་སྤྲོད་བྱས།

འདས་པའི་ཟླ་ངོ་གཉིས་ནང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་རྒྱལ་སྤྱིའི་མཚོ་ཁོངས་ནས་དུག་རྫས་ལྐོག་འཚོང་གྲུ་གཟིངས་ལ་ཆམ་ཕབ་བཏང་སྟེ། མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར།


བསོད་ནམས་ཚེ་རིང་གིས་བསྒྱུར།