ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཝུའུ་ཁི་ལན་གྱི་ནུས་ཁུངས་པུའུ་ཀྲང་ཀི་ལིན་ཁྱིག་ཁི་ཡིས་ཚེས8ཉིན་བསྟན་དོན། ཨུ་རུ་སི་ཡིས་ཚེས7ཉིན་གྱི་ནམ་གུང་ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱས་ཏེ། ས་ཁུལ་མང་བོར་གློག་ཆད་ཟེར།

ཀི་ལིན་ཁྱིག་ཁི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བསྟན་དོན། ཝུའུ་ཁི་ལན་གྱི་ནུས་ཁུངས་མ་ལག་ལ་འཕུར་མདའ་དང་མི་མེད་གནམ་གྲུའི་སྐོར་ཐེངས་གསར་བའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དཔུང་འཇུག་ཐེབས་བཞིན་ཡོད་ལ། ས་ཁུལ་མང་བོར་དེའི་དབང་གིས་གློག་ཆད་ཡོད། གློག་འདོན་བྱ་བ་དེ་བདེ་འཇགས་གནས་བབ་ཞི་འཇགས་སུ་སོང་རྗེས་སླར་གསོ་བྱེད་རྒྱུ་ཡིན་རེད།

ཨོ་ཏི་སཱ་མངའ་སྡེའི་མགོ་བ་ཅི་ཕའེ་ཨར་གྱིས་ཚེས8ཉིན་སྨྱན་བྱད་བརྒྱུད་དེ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱི་མི་མེད་གནམ་གྲུས་ཚེས7ཉིན་གྱི་ནམ་གུང་མངའ་སྡེ་དེའི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ཤིག་ལ་འཇབ་རྒོལ་བྱས་ཏེ་གཏོར་བཤིག་ཐེབས་ཡོད་ཀྱང་། མི་སྣར་ཤི་རྨས་བྱུང་མེད་ཟེར།

ཨུ་རུ་སིའི་ཕྱོགས་ཀྱིས་གནས་སྐབས་སུ་ཝུའུ་ཁི་ལན་གྱི་བཤད་ཚུལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།