
དབྱི་ལིང་གི་ནུས་ཁུངས་པུའུ་ཀྲང་ཨ་ལི་ཨ་པཱ་ཏིས་ཀྱིས་ཚེས8ཉིན་བསྟན་དོན། ཐན་པའི་ནམ་ཟླ་དང་ཆུ་འདོན་སྒྲིག་ཆས་རྙིང་འགྱུར་བྱུང་བའི་དབང་གིས་དབྱི་ལིང་ཆུ་དཀོན་པའི་གནད་དོན་ལ་འཕྲད་ཡོད་པ་དང་། རྒྱལ་ས་ཏི་ཧེ་ལན་ནས་མཚན་མོར་ཆུར་ཚོད་འཛིན་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
ཨ་ལི་ཨ་པཱ་ཏིས་ཀྱིས་བཤད་རྒྱུར། ཏི་ཧེ་ལན་གྱི་ས་ཁུལ་སྐོར་ཞིག་ཏུ་མཚན་མོར་ཆུ་ཆད་སྲིད་ཟེར། ཁོས་གྲོང་ཁྱེར་སྡོད་དམངས་དག་གིས་ཆུ་གསོག་སྣོད་དང་ཆུ་གནོན་ཇེ་མཐོར་གཏོང་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། ཆུར་ཚོད་འཛིན་བྱེད་སྐབས་ཆུ་ཡོད་པར་བྱེད་དགོས་ཟེར།
ཨ་ལི་ཨ་པཱ་ཏིས་ཀྱིས་ད་རུང་བསྟན་དོན། ཆུ་འདྲེན་སྦུག་ལམ་སྐོར་ཞིག་ལ་ད་ལོའི་ཟླ6པར་དབྱི་སི་རལ་བར་འཁྲུག་རྩོད་བྱེད་སྐབས་གཏོར་བརླག་ཐེབས་པ་དང་། སྲིད་གཞུང་གིས་སྦུག་ལམ་གྱི་ཆུ་གནོན་ཇེ་དམའ་རུ་བཏང་ནས་ཆུ་ཆུད་ཟོས་སུ་འགྲོ་བར་ཚོད་འཛིན་བྱེད་བཞིན་ཡོད་ཟེར།
མིག་སྔའི་བར་དུ་ཏི་ཧེ་ལན་གྱི་ཆུ་འདོན་རྒྱུན་ལྡན་ཡིན་ཡང་། ཉེ་སྔོན་མང་ཚོགས་ཀྱིས་ཆུ་ཆད་པ་དང་གློག་ཆད་པར་སེམས་ཁུར་བྱེད་བཞིན་ཡོད། དབྱི་ལིང་གི་མ་འོངས་པ་ཞེས་པའི་གསར་འགྱུར་དྲ་ཚིགས་ཀྱིས་ཚེས6ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ནུབ་ཕྱོགས་ཀྱི་ཁུའུ་ཨར་ཏི་སི་ཐན་ཞིང་ཆེན་གྱི་གྲོས་ཚོགས་ཤིག་གི་སྟེང་བསྟན་དོན། གལ་ཏེ་ཟླ་རྗེས་མར་ཏི་ཧེ་ལན་དུ་སྔར་བཞིན་ཆར་བ་འབབ་ན། སྲིད་གཞུང་གིས་ཆུ་འདོན་བགོའ་བྱེད་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།