ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཨ་ཧྥུའུ་ཧན་དང་ཕཱ་ཁི་སི་ཐན་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཨ་ཧྥུའུ་ཧན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས8ཉིན་བསྟན་དོན། ཨ་ཧྥུའུ་ཧན་དང་ཕཱ་ཁི་སི་ཐན་གྱི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཐུར་ཁེའི་དབྱི་སི་ཐན་པོར་གྲོང་ཁྱེར་ནས་བསྡུས་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་ཟེར།

མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཚེས6ཉིན་ནས་ཚེས7ཉིན་བར་ཕཱ་ཁི་སི་ཐན་གྱི་འཐུས་ཚབ་ཚོགས་པའི་བར་གྲོས་མོལ་བྱས། དེའི་སྐབས་སུ་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རང་ངོས་ཀྱི་བདེ་འཇགས་ལ་འབྲེལ་བའི་འགན་འཁྲི་ཡོད་ཚད་ཨ་ཧྥུའུ་ཧན་སྲིད་གཞུང་གི་མགོར་འཇོག་རྩིས་པ་དང་། ཞོར་དུ་ཨ་ཧྥུའུ་ཧན་དང་ཡང་ན་རང་ངོས་ཀྱི་བདེ་འཇགས་འགན་འཁྲི་ཁུར་དུ་ལེན་པའི་འདོད་ཚུལ་བསྟན་མེད་ཟེར། ཁོས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་འགན་མི་ཁུར་བ་དང་རྣམ་དག་མིན་པའི་མཉམ་ལས་རྣམ་འགྱུར་ལས་གྲོས་མོལ་དེར་གྲུབ་འབྲས་ཐོབ་ཐུབ་མེད། ཨ་ཧྥུའུ་ཧན་གྱིས་ཨ་ཧྥུའུ་ཧན་གྱི་བདག་དབང་དང་སྒེར་ཚུགས། བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།