
འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པ་ལྟར་ན། འཇར་པན་གྱི་ཡན་ཧྲིག་རྫོང་གི་སན་ལུའུ་མཚོ་འགྲམ་མཚོ་ཁོངས་སུ་ཚེས9ཉིན་ཚད་རིམ6.7ཀྱི་ས་ཡོམ་བྱུང་ཟེར།
བསྒྲགས་པ་ལྟར་ན། ས་ཡོམ་དེ་ཚེས9ཉིན་གྱི་ཕྱི་དྲོའི་དུས་ཚོད5དང་སྐར་མ3ཡས་མས་སུ་བྱུང་བ་དང་། ས་ཡོམ་དེའི་གཏིང་ཚད་ལ་སྤྱི་ལེ10ཙམ་ཡོད་པ་དང་ཚད་རིམ6.7རེད་ཟེར།
འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་ཡན་ཧྲིག་རྫོང་གི་མཚོ་འགྲམ་དུ་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་ཡོད།
འཇར་པན་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས་ཆེས་ཐོག་མར་ཁྱབ་བསྒྲགས་བྱས་པའི་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ6.5ཡིན་པ་དང་རྗེས་སུ་ཚད་རིམ6.7ལ་བཅོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།