ཧཱ་མཱ་སིའི་ཁཱ་སིང་སྟོང་ཤོག་གིས་མགོ་སྒུར་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས9ཉིན་བཤད་རྒྱུར། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ལཱ་ཧྥ་གྲོང་ཁྱེར་གྱི་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ས་ཁོངས་ཀྱི་ཁཱ་སིང་སྟོང་ཤོག་གི་ཁོངས་མིས་མགོ་སྒུར་མི་སྲིད་ཟེར། དབྱི་སི་རལ་གྱིས་ཉིན་དེར་ཁས་ལེན་བྱས་དོན། ཁཱ་སིང་སྟོང་ཤོག་གིས་དབྱི་སི་རལ་གྱི་དམག་མིའི་བེམ་པོ་གཅིག་བརྒྱུད་སྤྲོད་བྱས་ཟེར།

ཁཱ་སིང་སྟོང་ཤོག་གིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཁཱ་སིང་སྟོང་ཤོག་ལ་མགོ་སྒུར་བའི་དཔེ་སྲོལ་མེད་ཅིང་། དབྱི་སི་རལ་གྱིས་ལཱ་ཧྥ་ནས་ཁཱ་སིང་སྟོང་ཤོག་གི་ཁོངས་མིའི་བར་གྱི་འཁྲུག་རྩོད་ལ་འགན་ཡོངས་སུ་ཁུར་དགོས་ལ། ཁཱ་སིང་སྟོང་ཤོག་གི་ཁོངས་མིས་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ས་ཁོངས་ནས་རང་སྲུང་བྱས་པ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྱི་བར་འདུམ་ཕྱོགས་ཀྱིས་འགན་འཁྲི་ཁུར་དུ་བླངས་ནས། མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། དབྱི་སི་རལ་གྱིས་ཁ་གཡོར་ས་བཙལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་གཏོང་བར་སྔོན་འགོག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།