ཐེ་གོའི་ཙུང་ལི་ཡིས་ཐེ་གོག་དང་ཁམ་ཕུ་ཀྲེའི་ཞི་བདེའི་མཉམ་འབྲེལ་གསལ་སྒྲོག་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11


ཐེ་གོའི་ཙུང་ལི་ཨ་ནོའུ་ཐིན་གྱིས་ཚེས10ཉིན་རྒྱལ་བོའི་ཉེན་རྟོག་སྤྱི་ཁྱབ་པུའུ་ནས་སྨྱན་བྱད་ལ་བཤད་རྒྱུར། ཐེ་གོའི་དམག་མིར་ཐེ་གོ་དང་ཁམ་ཕུ་ཀྲེའི་རྒྱལ་མཚམས་ས་ཁུལ་ནས་ས་འོག་འགད་རྫས་ཀྱི་འགས་གཏོར་དབང་གིས་རྨས་ཕོག་པར་གནད་དོན་ཐད་ནས། ཁོས་འབྲེལ་ཡོད་སྡེ་ཁག་གིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐབས་ལྟ་ཞིབ་ཚོགས་པ་བརྒྱུད་དེ་ཁམ་ཕུ་ཀྲེ་ལ་ངོ་རྒོལ་བྱེད་དགོས་པའི་རེ་བ་བཏོན་ཡོད་པར་མ་ཟད། ཐེ་གོ་དང་ཁམ་ཕུ་ཀྲེའི་ཞི་བདེའི་མཉམ་འབྲེལ་གསལ་སྒྲོག་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ཟེར།

ཐེ་གོའི་ཙུང་ལིའི་བཞུགས་ཤག་གི་མགྲིན་ཚབ་པ་ཞི་ལི་ཕིན་གྱིས་ཉིན་དེར་བཤད་རྒྱུར། ཚེས12ཉིན་ཁམ་ཕུ་ཀྲེའི་བཟུང་དམག་ཕྱིར་གཏོང་བའི་འཆར་གཞི་ཡང་གནས་སྐབས་སུ་མཚམས་བཞག་ཡོད་ཟེར།

ཐེ་གོ་དང་ཁམ་ཕུ་ཀྲེ་མཐའ་མཚམས་ཀྱི་སི་སུ་ཅུའུ་མངའ་སྡེ་རུ་ཚེས10ཉིན་གྱི་སྔ་དྲོར་ས་འོག་འགད་རྫས་འགས་གཏོར་བྱུང་སྟེ། ཐེ་གོའི་དམག་མི་གཉིས་ལ་རྨས་ཕོག་ཡོད།

ད་ལོའི་ཟླ5བའི་ཚུན་ལ། ཐེ་གོ་དང་ཁམ་ཕུ་ཀྲེ་ཕྱོགས་གཉིས་བར་ས་ཁོངས་རྩོད་གླེང་དབང་གིས་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་མང་དུ་འབྱུང་བཞིན་ཡོད། གནས་བབ་བསྟུད་མར་ཛ་དྲག་ཏུ་སོང་བའི་དབང་གིས་རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ཀྱི་རྒྱུ་ལམ་མང་ཆེ་བ་བཀག་སྡོམ་བྱས་ཏེ། མི་ཆོས་རིང་ལུགས་ཁོ་ན་ཙམ་འགྲོ་རུ་འཇུག་པ་རེད། ཟླ10བའི་ཚེས26ཉིན། རྒྱལ་ཁབ་གཉིས་ཀྱིས་སྐབས་ཞེ་བདུན་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སུ་ཞི་བདེའི་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།