ཧྥེ་ལི་ཕིན་ལ་ཐེངས་མང་པོར་མཚོ་རླུང་གི་གནོད་འཚེ་ཐེབས་པར་ཕྱི་འབྲེལ་པུའུ་ཡིས་རོགས་སྐྱོར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་ལམ། ཧྥེ་ལི་ཕིན་ལ་ཐེངས་མང་པོར་མཚོ་རླུང་གི་གནོད་འཚེ་ཐེབས་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཐེབས་ཡོད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཟླ11པའི་ཚེས11ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བཤར་རྒྱུར།  ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ལི་ཕིན་ཕྱོགས་ལ་དངུལ་ལོར་དང་མྱུར་སྐྱོབ་དངོས་རྫས་ཀྱིས་རོགས་སྐྱོར་བྱས་ནས། ས་གནས་དེའི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་དཀའ་སྡུག་སྔ་མོ་ནས་ཁྱད་གསོད་བྱས་ཏེ། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

 ལིན་ཅན་གྱིས་བསྟན་དོན།  ང་ཚོས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བ་དང་གར་སོང་མི་ཤེས་པའི་མི་སྣ་དག་གི་ཁྱིམ་མི་དང་གནོད་འཚེ་ཐེབས་ཁུལ་གྱི་མི་དམངས་བཅས་ལ་འཚམས་འདྲི་བྱེད་ཀྱི་ཡོད།  མི་ཆོས་རིང་ལུགས་དང་ཧྥེ་ལི་ཕིན་མི་དམངས་ཀྱི་མཛའ་བརྩེ་ལ་གཞིགས་ནས།  ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ལི་ཕིན་ཕྱོགས་ལ་དངུལ་ལོར་དང་མྱུར་སྐྱོབ་དངོས་རྫས་ཀྱིས་རོགས་སྐྱོར་བྱས་ཡོད་པ་དང་།  ཀྲུང་གོའི་འབྲེལ་ཡོད་ས་གནས་དང་ཞིང་ཆེན་གྱིས་ཀྱང་གྲོགས་པོའི་ཞིང་ཆེན་བརྒྱུད་ནས་ཧྥེ་ལི་ཕིན་གྱི་གནོད་འཚེ་ཐེབས་པའི་ས་ཁུལ་ལ་རོགས་རམ་བྱེད་བཞིན་ཡོད།  ང་ཚོས་ས་གནས་དེའི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་སྔ་མོ་ནས་དཀའ་ངལ་ཁྱད་གསོད་བྱས་ཏེ་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱེད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད། 

གཡང་འབུམ་རྒྱལ་གྱིས་བསྒྱུར།