
ཕྱི་རྒྱལ་གྱི་སྨྱན་བྱད་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྙན་ལམ་ལས་མངོན་པ་ལྟར་ན། ཚེས9ཉིན། ཞ་ཝེ་དབྱི་ཅི་ལ་ཝེ་ཨི་ཡི་མེ་རི་འཕྱུར་ནས་མཐོ་ཚད་ལ་དབྱིན་ཁྲེ1000(སྨི304)ཙམ་ཟིན་པས། ཉེ་འགྲམ་དུ“མེ་རི་འབྲུག་འཁྱིལ”ཞེས་པའི་ངོ་མཚར་ཆེ་བའི་སྣང་ཚུལ་བྱུང་ཞིང་། ཚ་དྲོད་མཐོ་བའི་མཁའ་རླུང་དང་ཅུང་གྲང་བའི་ཁོར་ཡུག་གི་མཁའ་རླུང་བར་གྱི་དྲོད་གྲང་གི་ཁྱད་པར་གྱིས་རླུང་འཁྱིལ་དབྱིབས་ཀྱི་རྣམ་པ་དེ་གྲུབ་པ་རེད།
ཅི་ལ་ཝུའེ་ཨི་ཡི་མེ་རི་ནི་ཞ་ཝེ་དབྱི་གླིང་ཕྲན་གྱི་གླིང་ཕྲན་ཆེ་ཤོས་པི་ཀེ་ཨའེ་ལན་གླིང་ཕྲན་ཏེ“གླིང་ཕྲན་ཆེན་པོ”རུ་ཆགས་པ་དང་། འདས་ཟིན་པའི་ལོ40ཡི་རིང་ལ་མེ་རི་དེ་རྒྱུན་ཆད་མེད་པར་འཕྱུར་བཞིན་ཡོད།