ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱི་རྡི་ལི་གསར་པའི་རླངས་འཁོར་འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ11པའི་ཚེས10ཉིན་གྱི་དགོང་མོར།  རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པར་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་མང་པོར་ཤི་རྨས་བྱུང་། ཚེས11ཉིན།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་བསྟན་དོན།   ཀྲུང་གོ་ཕྱོགས་ཐེངས་འདིའི་དོན་རྐྱེན་དེར་ཧང་སངས་ཤིང་།  སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་།  རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་རྨས་མ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་བ་དང་། རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡིན།

ལིན་ཅན་གྱིས་བཤད་རྒྱུར།  ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་གྱི་རྡི་ལི་གསར་པར་འབར་གས་དོན་རྐྱེན་བྱུང་བའི་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་།  རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཀྲུང་གོ་ཕྱོགས་ཀྱི་མི་སྣར་ཤི་རྨས་བྱུང་མེད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།