
ཚེས11ཉིན། ཕ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་དབྱི་སི་ལན་པའོ་ཡི་ས་གནས་ཁྲིམས་ཁང་གི་ཉེ་འགྲམ་དུ་ཉིན་དེར་འགས་གཏོར་བྱུང་ནས་ཉུང་མཐར་ཡང་མི5རྐྱེན་ལམ་དུ་ཤོར་བ་དང་མི10ལྷག་ཙམ་ལ་རྨས་ཕོག་ཡོད་ཅེས་བཤད།
ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་ཉིན་དེར་གསར་འགོད་པར་བཤད་རྒྱུར། འཇིགས་སྐུལ་རྩ་འཛུགས“ཕ་ཁི་སི་ཐན་ཐ་ལེ་པན”གྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་དང་། ཡུལ་དངོས་སུ་རང་སྲོག་བཅད་པའི་འབར་མདེལ་གྱིས་འཇབ་རྒོལ་བྱེད་མཁན་གྱི་བེམ་པོ་རྙེད་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།