དབྱི་སི་ཐན་པུར་གྱི་མགོ་གཙོ་ཟུར་པ་ལ་ཉེས་མིང་ཁག142བཏོན་ཏེ་ཞུ་གཏུག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚེས11ཉིན།  ཐུར་ཁེའི་དབྱི་སི་ཐན་པུར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གི་མི་སྣས་བཤད་རྒྱུར།  ཞིབ་དཔྱོད་ཕྱོགས་ཀྱིས་ཉེས་གསོག་རྩ་འཛུགས་ལ་མགོ་ཁྲིད་བྱེད་པ་དང་། ལྐོག་རྔན་ལེན་པ་དང་ཁ་བསླུས་སོགས་ཉེས་མིང142བཏོན་ནས་དབྱི་སི་ཐན་པུར་གྱི་མགོ་གཙོ་ཟུར་པ་ཨའེ་ཁེ་ལེ་མུའུ·དབྱི་མ་མུའུ་ཨའོ་ལུའུ་ཞུ་གཏུག་བྱས་ཡོད་ཅེས་བཤད།

དབྱི་སི་ཐན་པུར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་པོ་ཨ་ཅིན·ཅུ་ཨར་ལའེ་ཁི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།  དབྱི་མ་མུའུ་ཨའོ་ལུའུ་དང་འབྲེལ་བ་ཡོད་པའི་གྱོད་དོན་གྱིས་རྒྱལ་ཁབ་ལ་བཟོས་པའི་གྱོང་གུན་ནི་ཐུར་ཁེ་ཡི་ལི་ལ་དུང་ཕྱུར་1600ཙམ་ཏེ། ཨ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་ཙམ་ཡིན། ཞིབ་དཔྱོད་ཕྱོགས་ཀྱིས་དབྱི་མ་མུའུ་ཨའོ་ལུའུ་ལ་ལོ828ནས་ལོ་2352བར་གྱི་ཉེས་ཆད་གཅོད་དགོས་པའི་རེ་བ་བཏོན། དབྱི་མ་མུའུ་ཨའོ་ལུའུ་ཡིས་སྐྱོན་འདོན་ཞུ་གཏུག་ཚང་མ་ཁས་མ་བླངས་པར་མ་ཟད། སྐྱོན་འདོན་ཞུ་གཏུག་དེ་དག་ལ་ཆབ་སྲིད་ཀྱི་ཀུན་སློང་མངོན་གསལ་ལྡན་ཞེས་བཤད།

དབྱི་མ་མུའུ་ཨའོ་ལུའུ་ནི་ཐུར་ཁེའི་ངོ་རྒོལ་ཏང་ཆེ་ཤོས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཏང་གི་ཁོངས་སུ་གཏོགས་པ་རེད། 2024ལོའི་ཐུར་ཁེའི་ས་གནས་འདེམས་བསྐོའི་ཁྲོད་ཁོས་སྲིད་སྐྱོང་ཏང་གི་དྲང་བདེན་དང་འཕེལ་རྒྱས་ཏང་གི་འོས་མི་དང་གཞན་དབྱི་སི་ཐན་པུར་གྱི་མགོ་གཙོའི་འགན་འཁུར་བར་ཕམ་ཁ་བྱུང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།