
ཚེས11ཉིན་གྱི་དགོང་མོར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་འཇར་པན་གྱི་སྤྱི་དམངས30དུས་བཀག་མེད་པར་ཨུ་རུ་སུའི་རྒྱལ་ཁོངས་སུ་ཡོང་མི་ཆོག་པ་ཁྱབ་བསྒྲགས་བྱས་པ་དེ་ནི་འཇར་པན་གྱིས་ཨུ་རུ་སུར་མུ་མཐུད་དུ་བཀག་སྡོམ་བྱས་པར་ལན་སློག་པ་ཞིག་རེད།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་དགོང་མོ་དེར་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཐེངས་འདིར་རྒྱལ་མཚམས་སུ་ཡོང་མི་ཆོག་པའི་འཇར་པན་གྱི་སྤྱི་དམངས་ནང་དུ་འཇར་པན་གྱི་ཕྱི་དོན་ཞིང་ཆེན་གྱི་དཔོན་རིགས་པེ་ཚུན་ཅུན་པོ་ཡོད་པ་དང་། དེ་ལས་གཞན་པའི་མི་མང་ཆེ་ཤོས་ནི་འཇར་པན་གྱི་སྨྱན་བྱད་དང་སློབ་གསོ་ལས་རིགས་ཀྱི་མི་སྣ་སྐོར་ཅིག་རེད།
2022ལོར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆེ་རུ་སོང་རྗེས། འཇར་པན་རྒྱལ་ཁབ་ཨ་རིའི་རྗེས་སུ་འབྲངས་ནས་ཨུ་རུ་སུར་མུ་མཐུད་དུ་རྒྱ་ཁྱབ་ངང་བཀག་སྡོམ་བྱས་པ་རེད། ལན་སློག་པའི་ངོས་ནས་ཨུ་རུ་སུ་ཕྱོགས་ཀྱིས་འཇར་པན་ནི“མཛའ་མཐུན་མིན་པའི་རྒྱལ་ཁབ”ཀྱི་མིང་ཐོའི་ནང་བཅུག་ཡོད། ད་ལོའི་ཟླ9པར་འཇར་པན་སྲིད་གཞུང་གིས་ཡང་བསྐྱར་ཨུ་རུ་སུའི་ཀུང་སི་དང་མི་སྒེར་ཁག་ཅིག་བཀག་སྡོམ་མིང་ཐོའི་ནང་བཅུག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།