ཨ་ཀེན་ཐིན་གྱི་རྒྱལ་སའི་གྲོང་ཁྱེར་གྱི་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཚེས13ཉིན་གྱི་སྔ་དྲོར། ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་སི་ཨའེ་ལི་སི་གྲོང་ཁྱེར་ལྟེ་གནས་ཀྱི་ཐོག་བརྩེགས་12ཡོད་པའི་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་མི200ཙམ་མྱུར་དུ་ཁ་འགྲེམས་བྱས་པས་མི་སྣར་ཤི་རྨས་བྱུང་མེད།

ཉིན་དེའི་སྔ་དྲོ་པུའུ་དབྱི་ནོ་སི་ཨའེ་ལི་སི་གྲོང་ཁྱེར་གྱི་ཟླ7པའི་ཚེས9ཉིན་གྱི་ལམ་ཆེན་དང་མ་སའེ་ལོའོ·ཐུའུ་ཨར་ཁྭ་ཐུའོ·ཏི་ཨ་ཨར་ཝེ་ཨ་ཨར་ལམ་ཆེན་གྱི་སྣོལ་ལམ་ཉེ་འགྲམ་གྱི་སུའུ་ལི་ཧྲིའི་འགན་སྲུང་ཐོག་ཁང་ལ་མེ་སྐྱོན་བྱུང་བས་མི200ཙམ་མྱུར་དུ་ཁ་འགྲེམས་བྱས།  ས་གནས་དེའི་སྔ་དྲོའི་དུས་ཚོད10ཡས་མས་སུ་མེ་ཟོན་མི་སྣས་མེ་ཆེན་དེ་བསད།

ཨ་ཀེན་ཐིན་གྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། མེ་སྐྱོན་གྱིས་མི་སྣར་ཤི་རྨས་བྱུང་མེད་པ་དང་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

ཟླ7པའི་ཚེས9ཉིན་གྱི་ལམ་ཆེན་ནི་པུའུ་དབྱི་ནོ་སི་ཨའེ་ལི་སིའི་སྲང་ལམ་གཙོ་བོ་ཞིག་ཡིན་པ་དང་། རིང་ཚད་ལ་སྤྱི་ལེ4.6དང་ཞེང་ལ་རྨིད148ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།