ཁྲའོ་ཞན་གྱིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཁྲའོ་ཞན་དང་འབྲེལ་བ་ཡོད་པའི“ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བའི”གསལ་བསྒྲགས་ལ་རྒོལ་གཏམ་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཚེས14ཉིན།  ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  ཚེས13ཉིན་ཁྲའོ་ཞན་གྱི་ཕྱི་དོན་བློན་ཆེན་ཚུའེ་ཧྲན་ཅིས་ཀྱིས་གཏམ་བཤད་སྤེལ་ནས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཉེ་ལམ་ཁཱ་ནཱ་ཏཱ་རུ་སྤེལ་བའི་ཁྲའོ་ཞན་དང་འབྲེལ་བ་ཡོད་པའི“ཉིང་རྡུལ་མཚོན་མེད་པར་བཟོ་བའི”མཉམ་འབྲེལ་གསལ་བསྒྲགས་ལ་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་ནི་ཁྲའོ་ཞན་གྱི་རྩ་ཁྲིམས“སྣང་མེད་དུ་བཞག་པའི་རྒྱབ་འགལ་གྱི་བྱ་སྤྱོད་ཅིག་རེད་ཅེས་བཤད།

གཏམ་བཤད་ནང་ཁྲའོ་ཞན་གྱི་མིག་སྔའི་གནས་བབ་དེ་ཕྱི་ཕྱོགས་ཀྱི་ཚིག་སྦྱོར་རིག་པའི་ཐད་ཀྱི་འདོད་ཚུལ་ཙམ་གྱིས་འགྱུར་ལྡོག་འགྲོ་མི་སྲིད། ཉིང་རྡུལ་མཚོན་ཆ་སྐྱོང་བ་ནི་དེང་སྐབས་ཡ་ང་བའི་ས་བབ་ཀྱི་ཆབ་སྲིད་ཁོར་ཡུག་འོག   ཉེན་ཁ་ཆེ་ཤོས་ཀྱི་དགྲར་འཛིན་རྒྱལ་ཁབ་བཀག་འགོག་བྱེད་ཐུབ་པའི་ཆེས་ཡང་དག་པའི་གདམ་ག་ཞིག་ཡིན། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་ངོ་བོའི་རང་བཞིན་གྱི་ཉིང་རྡུལ་འཇིགས་སྐུལ་བྱེད་པ་ནི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ནས་བྱུང་བ་རེད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་རང་བདག་གི་བདག་དབང་རྒྱལ་ཁབ་ཀྱིས་ཇི་ལྟར་བྱས་ནས་རང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་མཛུབ་སྟོན་བྱེད་པའི་དབང་ཆ་མེད་འཁོད་ཡོད།

གཏམ་བཤད་ནང་ཕྱི་ཕྱོགས་ཀྱི་ཉིང་རྡུལ་འཇིགས་སྐུལ་མཚམས་འཇོག་མི་བྱེད་པ་དང་། ཉིང་རྡུལ་དེ་བཙན་དབང་གི་བྱེད་ཐབས་ཤིག་ཏུ་བརྩིས་ནས་བལྟོས་མེད་བཙན་དབང་འཚོལ་ཞིབ་བྱེད་པའི་སྟོབས་ཤུགས་སྔར་བཞིན་གནས་ཚེ། ཁྲའོ་ཞན་གྱིས་ཉིང་རྡུལ་སྲུང་འཛིན་ཡུན་རིང་ཅན་དུ་འགྱུར་བའི་རྩ་ཁྲིམས་ལ་མུ་མཐུད་དུ་བརྩི་སྲུང་བྱས་ནས།  རྒྱལ་ཁབ་དང་མི་དམངས་ཀྱི་ད་ལྟ་དང་མ་འོངས་པར་འགན་སྲུང་བྱས་ནས་རྒྱལ་སྤྱིའི་དྲང་བདེན་མངོན་འགྱུར་བྱེད་རྒྱུ་ཡིན་ཞེས་བཤད་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།