ཀྲུང་གོའི་རུ་ཝང་ཏར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་འོས་འགན་སྨན་བཅོས་བྱས།
ཁུངས། ཀློག་གྲངས། 7

ཚེས14ཉིན།   རུ་ཝང་ཏར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་སྐོར25པ་རུ་ཝང་ཏའི་ཤར་ཕྱོགས་ཞིང་ཆེན་ཉི་ཡ་ཁ་ལི་ལུའོ་བདེ་ཐང་ལྟེ་གནས་སུ་སོང་ནས།    འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ་ས་གནས་དེའི་མང་ཚོགས300ལྷག་ཙམ་ལ་རིན་མེད་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས།

སྐོར25པའི་ཀྲུང་གོའི་རུ་ཝང་ཏར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་གཙོ་ཝང་ཡུང་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན།   རུས་ནད་ཚན་ཁག་དང་ཁོང་ནད་ཚན་ཁག ཕྱི་ནད་ཚན་ཁག   ཁ་ནད་ཚན་ཁག  ཀྲུང་ལུགས་གསོ་རིག་ཚན་ཁག  བུ་བཙའ་ཚན་ཁག   སྦྲིད་སྨན་ཚན་ཁག   ནད་གཡོག་ཚན་ཁག་སོགས་ནས་ཡོང་བའི་སྨན་བཅོས་ཚན་ཁག་གི་རུ་མི13ཐེངས་འདིའི་འོས་འགན་སྨན་བཅོས་ཁྲོད་ཞུགས་ནས་ལུས་ཕུང་ཞིབ་བཤེར་དང་།སྨན་བཅོས་བློ་འདྲི་།ཀྲུང་ལུགས་གསོ་རིག་གསབ་སྨན་སོགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད།  ས་གནས་དེའི་གྲོང་མིར་སྨན་བཅོས་འཕྲོད་བསྟེན་དྲིལ་བསྒྲགས་ལག་དེབ་དང་སྨན་རྫས་སོགས་བྱིན།

ཉི་ཡ་ཁ་ལི་ལུའོ་བདེ་ཐང་ལྟེ་གནས་ཀྱི་ཀྲུའུ་རིན་ལི་ལི་ཡ་ན་ཡིས་ཀྲུང་གོའི་རུ་ཝང་ཏར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཡོང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་།  ཁོས་གསར་འགོད་པར་སྨན་བཅོས་རུ་ཁག་གི་རུ་མི་རྣམས་ཚན་ཁག་མི་འདྲ་བ་ནས་ཡོང་བ་ཡིན་ཞིང་།  སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ས་གནས་དེའི་གྲོང་མིར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་ཀྱི་ཡོད།  རྐང་ལག་སྟབས་བདེ་མིན་པའི་རྒན་རྒོན་རྣམས་ལ་སྒོ་འགྲམ་ནས་སྨན་བཅོས་བྱེད་ཐུབ་ཟེར།

ལོ58ལ་སླེབས་པའི་ནད་པ་སི་ཐན་ཉི་སི་ལ་སི་ཡི་པུས་ཚིགས་ལ་ན་ཟུག་བྱུང་ནས་ཉིན་མང་པོ་འགོར་ཡོད། འོས་འགན་སྨན་བཅོས་རུ་ཁག་གི་རུ་མི་ཚོས་ཡུལ་དངོས་ནས་གཤགས་བཅོས་བྱས་པ་བརྒྱུད། ཁོའི་རྐང་བའི་སྟེང་གི་དབང་རྩའི་ཚི་སྣའི་སྐྲན་ནད་བདེ་བླག་ངང་གཅོད་འབྱིན་བྱས།  ཁོས་གསར་འགོད་པར་བཤད་རྒྱུར།  ད་ལྟ་ངའི་ཚོར་བ་ཇེ་བཟང་དུ་ཕྱིན་པ་དང་གོམ་པ་སྤོ་རྒྱུ་དེ་ལས་སྟབས་བདེ་རུ་ཕྱིན་ཡོད།  ཀྲུང་གོའི་སྨན་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

1982ལོ་ནས་བཟུང་ཀྲུང་གོས་སྐོར་ཐེངས25དང་ཁྱོན་བསྡོམས་སྨན་བཅོས་་མི་སྣ324རུ་ཝང་ཏར་སྨན་བཅོས་རོགས་སྐྱོར་བྱེད་པར་མངགས་ནས།  མ་ས་ཁ་སྨན་ཁང་དང་ཅིས་པིན་ཀོ་སྨན་ཁང་དུ་སོ་སོར་རྒྱུན་ལྡན་གྱི་སྨན་བཅོས་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།