
ཚེས15ཉིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ་ཕོ་བྲང་དཀར་པོའི་དྲ་ཚིགས་པར་གཞིར་བཟོ་བཅོས་བརྒྱབ་ནས་དམངས་གཙོ་ཏང་གིས་སྲིད་སྐྱོང་སྐབས“ཁང་པ་བརྡིབས་པའི”དོན་རྐྱེན་ཁག་ཅིག་ཕོ་བྲང་དཀར་པོའི་དོན་ཆེན་ཟིན་ཐོའི་ནང་བཀོད་ཡོད། ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་བཤད་རྒྱུར། ཁོ་ཚོས་དེ་ལྟར་བྱེད་དོན་ནི། “དམངས་གཙོ་ཏང་གི་མི་ལ་འཕྱ་སྨོད་བྱེད་པ་དང་ཁོ་ཚོའི་རྫུན་གཏམ”ཐེར་འདོན་བྱེད་པ་དང་། དམངས་གཙོ་ཏང་གི་མིས་སྲིད་འཛིན་ཐི་ལིང་ཕུའུ་ཕོ་བྲང་དཀར་པོ་ནས་བུད་རྗེས་སྤེལ་བའི་སྐྱོན་བརྗོད་ཀྱི་སྐད་ཆར་འཁོན་ལན་སློག་ཆེད་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།