
ཚེས16ཉིན། ཁམ་ཕུ་ཁྲེའི་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། རྒྱལ་ས་ཅིན་ཕེན་གྲོང་ཁྱེར་དུ་སྡོད་པའི་ལོ22ལ་སླེབས་པའི་སྐྱེས་པ་ཞིགH5N1རིགས་ཀྱི་འདབ་ཆགས་ཆམ་རིམས་ཀྱི་ནད་དུག་གིས་ཤི་བ་དེ་ནི། རྒྱལ་ཁབ་དེའི་རྒྱལ་ས་རུ་ད་ལོ་འདབ་ཆགས་ཀྱི་ཆམ་རིམས་ཀྱིས་ཤི་བའི་ནད་དཔེ་དང་པོ་ཡིན་པར་བཤད།
གསལ་བསྒྲགས་ལས་སྐྱེས་པ་དེར་ཚ་བ་རྒྱག་པ་དང་གློ་ལུ་རྒྱག་པ། དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་ནད་རྟགས་བྱུང་བ་དང་ནད་གཞི་ཚབས་ཆེ་བའི་དབང་གིས་ས་གནས་དེའི་དུས་ཚོད་ཚེས15ཉིན་ཚེ་ལས་འདས། ཁོའིH5N1རིགས་ཀྱི་འདབ་ཆགས་ཆམ་རིམས་ནད་དུག་ཞིབ་བཤེར་གྱི་མཇུག་འབྲས་གདགས་གཤིས་རེད།
འབྲེལ་ཡོད་སྡེ་ཁག་གིས་མིག་སྔར་འགོས་ནད་ཀྱི་འབྱུང་ཁུངས་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ནད་དཔེ་དང་ཡང་ན་ནད་པ་དང་འབྲེལ་གཏུག་བྱེད་མྱོང་བའི་མི་སྣ་ཚང་མར་ཞིབ་བཤེར་བྱེད་བཞིན་ཡོད། འཕྲོད་བསྟེན་པུའུ་ཡིས་མང་ཚོགས་ཀྱིས་འདབ་ཆགས་ཆམ་རིམས་ཀྱི་འཇིགས་སྐུལ་ལ་དོགས་ཟོན་ཆེན་པ་བྱེད་དགོས་པ་དང་ནད་ཀྱིས་ཤི་བའི་ཁྱིམ་བྱའི་ཤ་ཟ་མི་རུང་བའི་འབོད་སྐུལ་བཏང་།
ཁམ་ཕུ་ཁྲེའི་འཕྲོད་བསྟེན་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། དེ་ནི་རྒྱལ་ཁབ་དེའི་རྒྱལ་ས་ནས་ད་ལོ་མི་ལ་འདབ་ཆགས་ཆམ་རིམས་འགོས་པའི་ནད་དཔེ་དང་པོ་ཡིན་ཞིང་། ད་ལོར་ཁམ་ཕུ་ཁྲེའི་རྒྱལ་ཡོངས་སུH5N1རིགས་ཀྱི་འདབ་ཆགས་ཀྱི་ཆམ་རིམས་ནད་དུག་འགོས་པའི་ནད་དཔེ17ཟིན་ཐོར་བཀོད་པའི་ནང་ནད་པ6ཚེ་ལས་འདས།
གཡང་འབུམ་རྒྱལ་གྱིས་བསྒྱུར།