
ཚེས16ཉིན། འཇར་པན་གནམ་གཤིས་ཐིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། འཇར་པན་གྱི་ལུའུ་ཨེར་ཏའོ་རྫོང་དུ་ཡོད་པའི་དབྱིན་ཏའོ་ནན་ཡུའེ་རི་རྩེའི་མེ་རིའི་ཁར་ཉིན་དེར་ཐེངས་མང་པོར་དུ་སྨུག་འཁྲིགས་པ་དང་། མེ་རིའི་དུ་སྨུག་གི་མཐོ་ཚད་ལ་རྨིད4400ཟིན་ཡོད། གནས་སྐབས་སུ་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།
འཇར་པན་གནམ་གཤིས་ཐིན་གྱིས་ས་གནས་དེའི་ཚེས16ཉིན་གྱི་དུས་ཚོད0དང་སྐར་མ57ཡས་མས་སུ་དབྱིན་གླིང་ཕྲན་ནན་ཡུའེ་རི་སྟེང་གི་མེ་རི་ཁ་ནས་དུ་སྨུག་འཕྱུར་ཏེ་མེ་རིའི་དུ་སྨུག་གི་མཐོ་ཚད་རྨིད4400ཟིན་ཡོད་ཅེས་བཤད། འཕྱུར་ཐེངས་གཉིས་པ་ནི་ས་གནས་དེའི་དུས་ཚོད2དང་སྐར་མ28ཡས་མས་སུ་བྱུང་བ་དང་། མེ་རིའི་དུ་སྨུག་གི་མཐོ་ཚད་རྨིད3700ལ་སླེབས་ཡོད། ས་གནས་དེའི་དུས་ཚོད8དང་སྐར་མ50ཡས་མས་སུ་འཕྱུར་ཐེངས་གསུམ་པ་བྱུང་བ་དང་མེ་རིའི་དུ་སྨུག་གི་མཐོ་ཚད་དེ་རྨིད2500ཟིན་ཡོད་ཟེར།
མིག་སྔར་འཇར་པན་གནམ་གཤིས་ཐིན་གྱིས་དབྱིན་ཏའོ་མེ་རི་ཉེན་ཟོན་རིམ་པ་གསུམ་པར་རྒྱུན་འཁྱོངས་བྱས་ཏེ། རི་ལ་འགྲོ་རྒྱུར་ཚོད་འཛིན་བྱས་ཡོད། འཇར་པན་གྱི་མེ་རི་འཕྱུར་བར་ཁྱོན་བསྡོམས་ཉེན་ཟོན་རིམ་པ5ཡོད་པ་དང་རིམ་པ5བ་ནི་ཆེས་མཐོ་ཤོས་དེ་ཡིན་ཞིང་། ངེས་པར་དུ་ཉེན་ཁ་ཆེ་བའི་སྡོད་སའི་ས་ཁུལ་ནས་ཁ་བྲལ་ཏེ་ཉེན་གཡོལ་བྱེད་དགོས།
དབྱིན་གླིང་ཕྲན་ནི་འཇར་པན་གྱི་ཅིའུ་ཀྲོའུ་ལྷོ་རྒྱུད་ཀྱི་ལུའུ་ཨེར་གླིང་ཕྲན་མཚོ་ཁུག་ཏུ་ཡོད་པའི་མེ་རི་གསོན་པོའི་གླིང་ཕྲན་ཞིག་ཡིན་པ་དང་། པེ་ཡུའེ་དང་ཀྲུང་ཡོ།ནན་ཡུའེ་བཅས་མེ་རི་གསུམ་གྱིས་གྲུབ་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།