
འཇར་མན་སྲིད་གཞུང་གིས་ཚེས17ཉིན་ཁྱབ་བསྒྲགས་བྱས་དོན། ཟླ11པའི་ཚེས24ཉིན་ནས་བཟུང་དབྱི་སི་རལ་ལ་དམག་ཆས་ཕྱིར་གཏོང་བྱེད་པའི་ཚད་བཀག་མེད་པར་གཏོང་རྒྱུ་ཡིན་ཟེར།
འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་ཁི་ནེ་ལིའུ་སི་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། ཚད་བཀག་མེད་པར་གཏོང་བའི་རྒྱུ་རྐྱེན་གཅིག་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ད་ལོའི་ཟླ10བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ་ཉེ་བའི་གཟའ་འཁོར་འགའི་ནང་གནས་བབ་གཏན་འཇགས་སུ་སོང་བས་ཡིན་ཟེར། ཁོས་བཤད་རྒྱུར། འཇར་མན་གྱིས་དབྱི་སི་རལ་ལ་དམག་ཆས་ཕྱིར་གཏོང་བྱེད་པའི་ཐད་ནས་སྤྱིའི་ཆ་ནས་གཅིག་རྐྱང་གི་ཞིབ་བཤེར་སླར་གསོ་བྱེད་རྒྱུ་མ་ཟད། གནས་བབ་ཀྱི་འཕེལ་རྒྱས་གཞིར་བཟུང་ནས་ལན་སྟེར་རྒྱུ་ཡིན་ཟེར།
འཇར་མན་གྱིས་ད་ལོའི་ཟླ8པའི་ཟླ་སྟོད་ནས་བཟུང་དབྱི་སི་རལ་དུ་ཅཱ་ཧྲ་ས་ཁུལ་དུ་བཀོལ་བའི་དམག་དོན་སྒྲིག་ཆས་གང་རུང་ཕྱིར་གཏོང་བྱེད་མཚམས་བཞག་པ་རེད།
དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཨར་གྱིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། འཇར་མན་གྱི་བྱེད་ཐབས་དེར་དགའ་བསུ་བྱེད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།