
ཟླ11པའི་ཚེས17ཉིན། 2025ལོའི་ཀྲུང་གོ་དང་ཡོ་རོབ་གླིང་གི་ན་གཞོན་གྲོས་མོལ་ཚོགས་འདུ་སྟེ་མ་འོངས་པའི་ལོ་ངོ50ཁ་ཕྱོགས་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ཞེས་པ་པེ་ཅིང་དུ་བསྡུས། ཡོ་རོབ་གླིང་གི་སྔོན་ཆད་ཀྱི་ཆབ་སྲིད་འགོ་ཁྲིད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མཁས་པ་གྲགས་ཅན། ན་གཞོན་གྱི་འཐུས་མི་བཅས་མི་མང་བོས་བརྗོད་དོན་གཏམ་བཤད་སྤེལ།
ཀྲུང་གོ་དང་ཡོ་རོབ་གླིང་གི་སྐུ་མགྲོན་དག་གིས་འཛམ་གླིང་གི་གྲུབ་ཚུལ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ། མི་གཞུང་བརྗེ་རེས་སོགས་ཀྱི་གྲོས་གཞིའི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ། ཚོགས་ཞུགས་སྐུ་མགྲོན་དག་གིས་གཅིག་གྱུར་སྒོས་བལྟས་ན། ན་གཞོན་དག་གིས་ཀྲུང་གོ་དང་ཡོ་རོབ་གླིང་གི་མཛའ་མཐུན་མཉམ་ལས་ཀྱི་རེ་བ་དང་མ་འོངས་པ་ཁུར་དུ་བླངས་ཡོད་པས། ཀྲུང་གོ་དང་ཡོ་རོབ་གླིང་གི་ན་གཞོན་ཚོས་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ་མཛའ་འབྲེལ་འཛུགས་དགོས་ལ། ཧུར་ཐག་སྒོས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་མ་འོངས་པའི་ལོ་ངོ་ལྔ་བཅུའི་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་འཇོག་དགོས་པར་འདོད།
གྲོས་མོལ་ཚོགས་འདུ་དེར་ན་གཞོན་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་མ་འོངས་པ་ཞེས་པ་དང་། ན་གཞོན་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་མཉམ་ལས་ཀྱི་མ་འོངས་པ། ན་གཞོན་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་ཡོན་བརྗེ་རེས་དཔེར་ལེན་གྱི་མ་འོངས་པ། ན་གཞོན་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རྩལ་མཉམ་ལས་ཀྱི་མ་འོངས་པ་ཞེས་པའི་ཡན་ལག་གླེང་སྟེགས་བཞི་བཀོད་སྒྲིག་བྱས་ཡོད་ཅིང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ རྒྱལ་ཁབ30ནས་ཡོང་བའི་ན་གཞོན་འཐུས་མི100ལྷག་གིས་འབྲེལ་ཡོད་ཀྱི་གྲོས་གཞིར་དམིགས་ནས་ལྷག་བསམ་རྣམ་དག་གིས་གྲོས་མོལ་དང་དཔྱད་གླེང་གཏིང་ཟབ་ཏུ་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲོས་གཞི་གཙོ་བོར་མཉམ་དུ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།