སིང་ག་ཕོར་གྱིས་གཞི་རྒྱ་ཆེ་བའི་བསེ་རུའི་རྭ་ལྐོག་འཚོང་བྱེད་པའི་གྱོད་དོན་ཞིག་རྩད་ཆོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

སིང་ག་ཕོར་རྒྱལ་ཁབ་སྤྱི་གླིང་ཅུའུ་དང་ཞིན་ཞང་སྡེ་ཚོགས་ཀྱིས་ཚེས18ཉིན་མཉམ་འབྲེལ་གྱིས་བསྒྲགས་པ་ལྟར་ན། ཉེ་སྔོན་ཀྲང་དབྱེ་གནམ་གྲུ་ཐང་ནས་བསེ་རུའི་རྭ20རྩད་ཆོད་པ་དང་། སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ35.7ཡོད། དེ་ནི་སིང་ག་ཕོར་གྱིས་ད་ལྟའི་བར་རྩད་ཆོད་པའི་བསེ་རུའི་རྭ་ལྐོག་འཚོང་བྱེད་པའི་གྱོད་དོན་ཆེས་ཆེན་པོ་ཞིག་རེད་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ལྐོག་འཚོང་བྱེད་པའི་དངོས་རྫས་དེ་དག་ཚེས8ཉིན་བཀག་པ་དང་། ཁྱིམ་ཆས་ལྷུ་ལག་ཏུ་རེ་ཞུ་བྱས་ཡོད། གནམ་གྲུའི་ཐང་གི་ལས་བྱེད་མི་སྣས་དངོས་པོ་དེ་ལས་བྱུང་བའི་དྲི་མ་མི་འདྲ་བ་ལས་བཀག་ནས་ཞིབ་བཤེར་བྱས་པ་རེད། ཁྲིམས་བསྟར་མི་སྣས་དེའི་རྗེས་སུ་ཟོང་སྒམ་ལས་སྤྱི་རྒྱ150ཙམ་ཡོད་པའི་སྲོག་ཆགས་ཀྱི་རུས་པ་དང་སོ་སོགས་རྙེད་ཡོད་ཟེར།

ཚོད་དཔག་བྱས་པ་ལྟར་ན། རྩད་ཆོད་པའི་བསེ་རུའི་རྭ་དེའི་ཚོང་རའི་རིན་གོང་སིང་ག་ཕོར་གྱི་སྒོར་མོ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གསུམ་ཙམ་ཡིན་པ་རེད།

སིང་ག་ཕོར་དབང་འཛིན་ལས་ཁུངས་ཀྱིས་བསྟན་དོན། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཞིར་བཟུང་ནས་གཏན་འགོགས་དངོས་རྫས་དེ་དག་མེད་པར་བཏང་སྟེ། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆོགས་ཀྱི་ཁྲིམས་འགལ་ཉོ་ཚོང་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།