
ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས18ཉིན་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཟླ་འདིའི་ཚེས19ཉིན་ཐུར་ཁེ་ནས་སྤེལ་རྒྱུ་ཡིན་པའི་ཝུའུ་ཁི་ལན་གནས་བབ་ཀྱི་གྲོས་མོལ་ལ་འཐུས་མི་མངགས་གཏོང་བྱེད་མི་སྲིད་ཟེར།
དེའི་སྔོན་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཟླ་འདིའི་ཚེས19ཉིན་ཐུར་ཁེ་རུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཕྱོགས་སོ་སོའི་འཐུས་མིའི་བར་ཝུའུ་ཁི་ལན་ཉམས་ཉེན་གྱི་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཧྲི་ཏའེ་བུན་ཝེ་ཐི་ཁི་ཧྥུའུ་ཡང་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་གྱི་འབྲེལ་འདྲིས་བྱ་བ་ཨུ་རུ་སི་ཟབ་ཞུགས་བྱས་མེད་པའི་གནས་ཚུལ་འོག་སྤེལ་བ་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་ལ་སྒུག་ཡོད། གལ་ཏེ་ཐུར་ཁེ་དང་ཨ་མེ་རི་ཁའི་འཐུས་མིས་བལྟས་ཏེ་གྲོས་མོལ་གྱི་མཇུག་འབྲས་ཨུ་རུ་སིའི་ཕྱོགས་ལ་ཤེས་སུ་འཇུག་པའི་དགོས་གལ་ཡོད་པར་འདོད་ན། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་གྲོས་མོལ་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།