ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི1རྐྱེན་ལམ་དུ་ཤོར་བ་དང་མི3ལ་རྨས་ཕོག
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཅོར་ཏན་གཙང་བོའི་ནུབ་འགྲམ་ཀྱི་ཀུའུ་ཧྲི་ཨེ་ཆི་ཝུན་ལམ་ཁར་ཚེས18ཉིན་རླངས་འཁོར་བསྐོར་ནས་ཐོ་བརྒྱབ་པ་དང་གྲི་བཟུང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི1རྐྱེན་ལམ་དུ་ཤོར་བ་དང་། མི3ལ་རྨས་ཕོག དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་མཁན་གཉིས་ཡུལ་དངོས་ནས་བསད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་འཇབ་རྒོལ་མཁན་གྱིས་བཀོལ་བའི་རླངས་འཁོར་སྟེང་འགད་རྫས་རྙེད་ཡོད་ལ། མིག་སྔར་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་འགད་རྫས་དེ་དག་ཐག་གཅོད་བྱེད་བཞིན་ཡོད་ཟེར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཕུབ་ཆེན་དམར་པོ་ཡིས་བཤད་རྒྱུར། རྨས་མ3སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།