མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་པེ་ལོན་ཚོགས་ཆེན་གྱི་ཚོགས་རར་མེ་སྐྱོན་བྱུང་ཡང་མི་སྣ་ཤི་རྨས་ཀྱི་སྙན་ཞུ་བསྒྲགས་མེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ས་དེའི་ཚེས20ཉིན་གྱི་ཕྱི་དྲོར། པཱ་ཞིའི་ཕཱ་ལཱ་མངའ་སྡེའི་པེ་ལོན་གྲོང་ཁྱེར་དུ་སྤེལ་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་བའི་ཚོགས་ར་གཙོ་བོར་མེ་སྐྱོན་བྱུང་བ་དང་། མིག་སྔར་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་བའི་ཚོགས་རའི་མཐིང་མདོག་ཁུལ་དུ་མེ་སྐྱོན་བྱུང་། མཐིང་མདོག་ཁུལ་དུ་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་སོ་སོའི་འགྲེམ་སྟོན་སྟེགས་བུ་དང་འཐུས་ཚབ་ཚོགས་པ་སོ་སོ་དང་སྨྱན་བྱད་ཀྱི་གཞུང་སྒྲུབ་བྱེད་ས་བཀོད་སྒྲིག་བྱས་ཡོད། མེ་སྐྱོན་བྱུང་རྗེས། ཡུལ་དངོས་ཀྱི་མི་རྣམས་བདེ་སྲུང་མི་སྣའི་མཛུབ་སྟོན་འོག་ཕྱིར་འཐེན་བྱས་པ་རེད།

པཱ་ཞིའི་ཡུལ་སྐོར་པུའུ་ཀྲང་སཱ་པུས་ནོའུ་ཡིས་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུ་ཡས་མས་སུ་མེ་སྐྱོན་ལ་ཚོད་འཛིན་ཐུབ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།