སེ་ཕུའུ་ལུའུ་སིའི་ཞི་ལཱ་དང་ཐུར་ཁེ་ཚོ་ཁག་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

སེ་ཕུའུ་ལུའུ་སི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཚེས20ཉིན་བདེན་དཔང་བྱས་དོན། སེ་ཕུའུ་ལུའུ་སིའི་ཞི་ལཱ་དང་ཐུར་ཁེའི་མི་རིགས་གཉིས་ཀྱི་མགོ་ཁྲིད་པས་ཉིན་དེར་གྲོས་མོལ་བྱས་ཏེ། དུས་ཡུན་རིང་བོར་མཚམས་བཞག་པའི་གཅིག་གྱུར་གྲོས་མོལ་དེ་སླར་གསོ་བྱེད་པར་འཐད་པ་བྱུང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིའི་མགོ་འཛིན་འོག སེ་ཕུའུ་ལུའུ་སིའི་སྲིད་འཛིན་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་དང་ཐུར་ཁེའི་རིགས་ཀྱི་མགོ་ཁྲིད་པ་ཐུའུ་ཧྥན་ཨེ་ཨར་ཧུའུ་མན་གཉིས་ཀྱིས་གྲོས་མོལ་བྱས། དེ་ནི་ཟླ10བར་ཐུར་ཁེ་རིགས་ཀྱི་འདེམ་བསྐོའི་ཚུན་ལ། མི་རིགས་གཉིས་ཀྱི་མགོ་ཁྲིད་པས་ཐོག་དང་པོར་གྲོས་མོལ་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་གྲོས་མོལ་བྱས་རྗེས་བསྟན་དོན། མགོ་ཁྲིད་པ་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་རྒྱུ་ཁས་ལེན་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་ཆེད་མངག་ཕོ་ཉ་ཡིས་ཟླ་རྗེས་མར་འཚམས་འདྲི་མ་བྱས་གོང་། ཡང་བསྐྱར་གྲོས་མོལ་བྱེད་པར་གྲོས་བསྡུར་བྱས་པར་མ་ཟད། མི་རིགས་གཉིས་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བའི་འབྲེལ་ཡོབ་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།