རྒྱལ་ཁབ་མང་བོའི་མཁའ་འགྲུལ་ཀུང་ཟི་ཡིས་ཝེ་ནེ་ཙུའེ་ལཱ་བར་གྱི་གནམ་གྲུ་གཏོང་མཚམས་བཞག
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚེས22ཉིན། པཱ་ཞི་དང་ཁོ་ལོམ་པུ་ཡཱ། ཀྲི་ལི། ཕུའུ་ཐའོ་ཡཱ་སོགས་རྒྱལ་ཁབ་མང་བོའི་མཁའ་འགྲུལ་ཀུང་ཟི་ཡིས་ཝེ་ནེ་ཙུའེ་ལཱ་བར་གྱི་གནམ་གྲུ་གཏོང་མཚམས་བཞག སྔ་ཉིན་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཁའ་འགྲུལ་དོ་དམ་ཅུའུ་ཡིས་ཝེ་ནེ་ཙུའེ་ལཱའི་མཁའ་ཁོངས་སུ་ཉེན་ཁའི་གནས་ཚུལ་ཡོད་པའི་ཉེན་བརྡ་བཏང་།

ལུའུ་ཐིག་གསར་འགྱུར་ཁང་གིས་ཚེས22ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དཔོན་རིགས་མང་བོས་བསྟན་དོན། ཨ་མེ་རི་ཁས་མ་འོངས་པའི་ཉིན་འགའི་ནང་ཝེ་ནེ་ཙུའེ་ལཱ་དང་འབྲེལ་བ་ཡོད་པའི་སྐོར་ཐེངས་གསར་བའི་འགུལ་སྐྱོད་སྤེལ་རྩིས་ཡོད་ཟེར།

ཝེ་ནེ་ཙུའེ་ལཱའི་རྒྱལ་སྲུང་བློན་ཆེན་ལོ་ཕའེ་སི་ཡིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁས་བསྟུད་མར་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་གནོན་ཤུགས་བྱིན་ནས། ཅཱ་ལེ་པུས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐད་སྔོན་དཔག་དཀའ་བའི་འགྲན་སློང་ཆེན་པོ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།