ཝུའུ་ཁི་ལན་རྩ་བའི་ཐད་ནས་ཨ་མེ་རི་ཁས་བཏོན་པའི་ཞི་བདེའི་གྲོས་མཐུན་ལ་འཐད་པ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨ་མེ་རི་ཁའི་སྨྱན་བྱད་མང་བོས་ཚེས25ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་རྩ་བའི་ཐད་ནས་ཨ་མེ་རི་ཁས་བཏོན་པའི་ཞི་བདེའི་གྲོས་མཐུན་ལ་འཐད་པ་བྱུང་ཡོད་ཀྱང་། ནང་དོན་རེ་འགར་ད་རུང་གྲོས་བསྡུར་བྱེད་དགོས་ཟེར། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཉེ་སྔོན་རི་ནེ་ཝ་ནས་ཞི་བདེའི་གྲོས་མཐུན་དེའི་ནང་དོན་གཙོ་བོར་གྲོས་བསྡུར་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར།

ཝུའུ་མཱེ་ལོ་ཧྥུའུ་ནི་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པའི་ཁོངས་མི་གཙོ་བོ་ཡིན། ཁོས་དྲ་ཚིགས་བརྒྱུད་དེ་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཟླ11པར་གང་མགྱོགས་སྒོས་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ། ཆེས་མཇུག་མཐའི་ལས་རིམ་ཡོངས་འགྲུབ་བྱས་ནས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་བར་གྲོས་མཐུན་འགོད་པར་རེ་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཝུའུ་ཁི་ལན་ཞི་བདེའི་གྲོས་མཐུན་དེར་འཐད་པ་བྱུང་ཡོད་ལ། བྱེ་བྲག་གི་ནང་དོན་རེ་འགའ་ད་རུང་ཐག་གཅོད་བྱེད་དགོས་ཀྱང་གྲོས་མཐུན་ལ་འཐད་པ་བྱུང་ཡོད་ཟེར།

གཞན་ཡང་ཉིག་ཡོ་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྐམ་དམག་གི་པུའུ་ཀྲང་ཏི་ལི་སི་ཁི་ཨར་གྱིས་ཁྲིད་པའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས25ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་ནས་ཨུ་རུ་སིའི་འཐུས་ཚབ་ཚོགས་པར་གྲོས་མོལ་སྤེལ་ཏེ། ཨ་མེ་རི་ཁས་བཏོན་པའི་ཞི་བདེའི་གྲོས་མཐུན་གསར་བར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།