མི་ཐབས་རིག་ནུས་དང་མཐུན་སྒྲིལ་མཉམ་བཅོས་ཞེས་པའི་མཐོ་རིམ་གྲོས་མོལ་ཚོགས་འདུ་རི་ནེ་ཝ་ནས་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཚེས25ཉིན་སུའེ་ཙེར་རི་ནེ་ཝའི་ཝན་གོ་ཕོ་བྲང་ནས་མི་ཐབས་རིག་ནུས་དང་མཐུན་སྒྲིལ་མཉམ་བཅོས་ཞེས་པའི་མཐོ་རིམ་གྲོས་མོལ་ཚོགས་འདུ་སྤེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲིན་ཞུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་དོན་གཅོད་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཝ་ལོ་ཝ་ཡཱ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གཞི་གྲངས་དང་གསར་དར་ལག་རྩལ་གྱི་ཆེད་མངག་ཕོ་ཉ་ཅི་ཨར་སོགས་དཔོན་རིགས་ཀྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་འཐུས་མི་དང་མཐོ་རིམ་ཕྱི་འབྲེལ་དཔོན་པོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། རིག་མཛོད་ཀྱི་མཁས་པ་སོགས་མི150ལྷག་ཚོགས་འདུར་ཞུགས།

ཁྲིན་ཞུའུ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་གཞི་དང་གོ་ལ་ཧྲིལ་བོའི་མི་ཐབས་རིག་ནུས་བཅོས་སྐྱོང་གྲོས་གཞི་བཏོན་ནས། མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མི་ཐབས་རིག་ནུས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་པ་ལས་འབྱོར་ལྡན་རྒྱལ་ཁབ་དང་མི་ཕྱུག་པོའི་རོལ་རྩེད་མིན་པས། རྒྱལ་ཁབ་སོ་སོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། གསར་གཏོད་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། རོགས་ལས་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ། འདྲ་མཉམ་ཀུན་ཕན་རྒྱུན་འཁྱོངས་བྱེད་པ། རི་ནེ་ཝ་ཡི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་ཐབས་རིག་ནུས་དགེ་སྐུལ་ཀུན་ཕན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པའི་རྒྱལ་སྤྱིའི་ཐུན་མོང་ཐོན་རྫས་ཤིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཚོགས་ཞུགས་ཕྱོགས་ཁག་སོ་སོས་མི་ཐབས་རིག་ནུས་བཅོས་སྐྱོང་ཁྱབ་ཁོངས་སུ་ཐུན་མོང་ཟབ་ཞུགས་དང་དྲང་བདེན་རིམ་ཡོད། མཐུན་སྒྲིལ་མཉམ་ལས། ཀུན་ཕན་དཀྱེལ་ཡངས། འགུལ་སྐྱོད་ཁ་ཕྱོགས་བཅས་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་ཚོགས་འདུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།