ལུའུ་ཁཱ་ཧྲིན་ཁི་ཡིས་མེན་སི་ཁི་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་འདོད་ཡོད་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨུ་རུ་སི་དཀར་པོའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོའི་སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་བསྟན་དོན། རྒྱལ་ས་མེན་སི་ཁི་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་འདོད་ཡོད་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་ཅིར་ཅི་སི་སི་ཐན་གྱི་པུས་ཧྲི་ཁའེ་ཁི་ནས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཐུན་མོང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་སུ་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་ལ་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཨུ་རུ་སི་དཀར་པོ་ཡིས་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་གྲོས་མོལ་སྲུང་འཛིན་བྱས་ཡོད་ཅིང་། ཨུ་རུ་སིའི་མནའ་མཐུན་གྲོགས་པོ་ཡིན་པའི་ཆ་ནས། ཨུ་རུ་སི་དཀར་པོ་ཝུའུ་ཁི་ལན་ཉམས་ཉེན་གྱི་མཐུན་སྦྱོར་འགུལ་སྐྱོད་ནང་ཞུགས་པ་ལུགས་མཐུན་ཡིན་ཟེར།

ཕུའུ་ཅིན་གྱིས་ལུའུ་ཁཱ་ཧྲིན་ཁི་ཡིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་བྱས་རྗེས་བཞག་པ་ནན་བཤད་བྱས། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐོག་མའི་གྲོས་མོལ་དེ་ཨུ་རུ་སི་དཀར་པོའི་མངའ་ཁོངས་སུ་སྤེལ་བ་ཡིན་ལ། ལུའུ་ཁཱ་ཧྲིན་ཁིའི་ཐད་ཀར་ཟབ་ཞུགས་དང་རྒྱབ་སྐྱོར་བྱས་འོག་སྤེལ་ནས་གྲུབ་འབྲས་ཐོབ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ཕྱོགས་ལ་འབྲེལ་ཡོད་གྲུབ་འབྲས་སྙན་ཞུ་བྱེད་འདོད་ཡོད་ཟེར།

དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།