འཇར་མན་གྱི་ཙུང་ལི་ཡིས་ཨུ་རུ་སིའི་བཀག་འཇོག་ཐེབས་པའི་རྒྱུ་ནོར་བཀོལ་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་རྒྱུའི་རེ་བ་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས26ཉིན་བསྟན་དོན། འཇར་མན་གྱིས2026ལོར་ཝུའུ་ཁི་ལན་གྱི་རོགས་སྐྱོར་ཁ་སྣོན་བྱེད་རྒྱུ་མ་ཟད། ཨུ་རུ་སིའི་བཀག་འཇོག་ཐེབས་པའི་རྒྱུ་ནོར་བཀོལ་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པར་རེ་བཞིན་ཡོད་ཟེར།

མའོ་ཚི་ཡིས་ཉིན་དེར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་སྤྱིར་བཏང་བགྲོ་གླེང་ལ་ཞུགས་སྐབས་བཤད་རྒྱུར། འཇར་མན་སྲིད་གཞུང་གིས2026ལོར་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་ཁྲོད་ནས་ཝུའུ་ཁི་ལན་གྱི་རོགས་སྐྱོར་ཡོ་སྒོར་ཐེར་འབུམ་གསུམ་ཁ་སྣོན་བྱས་ཏེ། སྤྱི་འབོར་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔར་བསླེབས་ཡོད་ཟེར།

མའོ་ཚི་ཡིས་བཤད་རྒྱུར། རྒྱལ་ཁབ་ཆེན་མོ་རེ་འགས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་འཐད་པ་མ་བྱུང་བའི་གནས་ཚུལ་འོག་བཀོད་པའི་འཆར་གཞིར་གྲོས་མོལ་བྱས། དེ་ཝུའུ་ཁི་ལན་གྱི་ངེས་པ་དོན་གྱི་རྒྱུན་མཐུད་ཞི་བདེ་མངོན་འགྱུར་བྱེད་པའི་རྨང་གཞིར་འགྱུར་མི་སྲིད་ཟེར། ཁོས་བཤད་རྒྱུར། ཡོ་རོབ་གླིང་གི་ལས་དོན་དེ་ཡོ་རོབ་གླིང་བར་གྲོས་མཐུན་བྱུང་བའི་གནས་ཚུལ་འོག་ད་གཟོད་ཐག་གཅོད་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།