ལའོ་ཝའོ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་བསྐྱར་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ལའོ་ཝའོ་ཕྱི་འབྲེལ་པུའུ་ཡིས་ཚེས28ཉིན་སྤེལ་བའི་གནས་ཚུལ་ལྟར་ན། 2025ལོ་ནི་ལའོ་ཝའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ50འགོར་བའི་ལོ་ཡིན་པ་དང་། འཛམ་གླིང་གི་ཧྥ་ཞི་སི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བའི་ལོ་ཡིན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ80འགོར་བའི་ལོ་ཡང་ཡིན། ལའོ་ཝའོ་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་ནས་ལོ་ངོ70འགོར་ཡོད། མཉམ་འབྲེལ་རྒྱལ་ཚོགས་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་ཆེད་རེད། སྐབས་འདི་དང་བསྟུན་ནས། ལའོ་ཝའོ་ཕྱོགས་ཀྱིས་ནམ་རྒྱུན་གྱི་ལངས་ཕྱོགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད2758ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་ལ། ཐེ་ཝན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲལ་དུ་མེད་པའི་ཁག་ཅིག་ཡིན་པ་ཁས་ལེན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་རུང་ལ་རྒོལ་བྱེད་བཞིན་པ་བསྐྱར་བསྒྲགས་བྱས་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།