ལེ་པཱ་ནུན་གྱིས་དབྱི་སི་རལ་གྱིས་རྒྱལ་མཚམས་བརྒལ་ནས་བར་གྱང་ལས་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཞུ་གཏུགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ལེ་པཱ་ནུན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ལེ་པཱ་ནུན་གྱི་འཐུས་ཚབ་ཚོགས་པ་བརྒྱུད་དེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དངོས་གཞིའི་ཞུ་གཏུགས་བྱས་ནས། དབྱི་སི་རལ་གྱིས་ཡང་བསྐྱར་ལེ་པཱ་ནུན་གྱི་བདག་དབང་ལ་གནོད་པ་ཚབས་ཆེན་བཟོས་པར་སྐྱོན་འཛུགས་བྱས།

ཞུ་གཏུགས་དེ་ལས་བསྟན་དོན། དབྱི་སི་རལ་གྱིས་ཉེ་སྔོན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཡཱ་ལུང་སྡེ་བའི་ལྷོ་ནུབ་དང་ཤར་ལྷོའི་ཕྱོགས་ནས་ཨར་འདམ་གྱི་བར་གྱང་གཉིས་ལས་ཡོད་ལ། བར་གྱང་དེ་རྒྱལ་སྤྱིའི་ཁས་ལེན་ཐོབ་པའི་ལེ་པཱ་ནུན་གྱི་མངའ་ཁོངས་སུ་ཡོད་ཟེར།

ལེ་པཱ་ནུན་ཕྱོགས་ཀྱིས་བསྟན་དོན། བར་གྱང་དེ་གཉིས་འཛུགས་སྐྲུན་བྱས་པ་ལས་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་མངའ་ཁོངས་སྔར་ལས་མང་བོ་བཙན་བཟུང་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད1701དང2024ལོའི་ཟླ11པར་ལེ་པཱ་ནུན་དང་དབྱི་སི་རལ་གྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་ཡོད་ཟེར།

ལེ་པཱ་ནུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མྱུར་མོར་བྱེད་ཐབས་སྤྱད་དེ། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་བདག་དབང་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་བཀག་འགོག་བྱས་ཏེ། དབྱི་སི་རལ་ཕྱོགས་ཀྱིས་བར་གྱང་དེ་གཉིས་བཤིག་དགོས་པར་མ་ཟད་དབྱི་སི་རལ་གྱི་དམག་དཔུང་དག་གནས་སྐབས་རྒྱལ་མཚམས་ལྷོ་ངོས་ནས་མྱུར་མོར་ཕྱིར་འཐེན་བྱེད་དགོས་པའི་རེ་བ་འདོན་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།