ཐི་ལིང་ཕུའུ་ཡིས་ཝེ་ནེ་ཙུའེ་ལཱའི་བར་སྣང་དང་ཉེ་འཁོར་མངའ་ཁོངས་ཡོངས་སུ་བཀག་སྡོམ་བྱེད་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས29ཉིན་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་བར་སྣང་དང་ཉེ་འཁོར་མཁའ་ཁོངས་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། མཁའ་འགྲུལ་ཀུང་ཟི་དང་འཕུར་སྐྱོད་པ། དུག་རྫས་ལྐོག་འཚོང་དང་མི་སྣའི་ལྐོག་འཚོང་ཉེས་ཅན་བཅས་ཀྱིས་ཝེ་ནེ་ཙུའེ་ལཱའི་བར་སྣང་དང་ཉེ་འཁོར་མཁའ་ཁོངས་དེ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་སར་མཐོང་དགོས་ཟེར།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུའུ་ཡིས་དེའི་སྔོན་མཁའ་འགྲུལ་ཀུང་ཟི་མང་བོར་ཉེན་བརྡ་བཏང་སྟེ། བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བ་དང་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་དང་ཉེ་འཁོར་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་པའི་དབང་གིས་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་གང་རུང་ཝེ་ནེ་ཙུའེ་ལཱའི་མཁའ་ཁོངས་སུ་འཕུར་སྐྱོད་བྱས་ན་ཉེན་ཁའི་གནས་ཚུལ་ལ་འཕྲད་སྲིད་པས། མཁའ་འགྲུལ་ཀུང་ཟི་སོ་སོས་སེམས་ཆུང་བྱེད་དགོས་ཟེར། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཚེས26ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་ཟི་དྲུག་གི་ཚོང་གཉེར་ཆོག་མཆན་དབང་ཆ་དངོས་སུ་རྩིས་མེད་དུ་བཏང་བ་ཁྱབ་བསྒྲགས་བྱས། རྒྱུ་མཚན་ནི་ཀུང་ཟི་དེ་དག་གིས་ཨ་མེ་རི་ཁས་ཨ་མེ་རི་ཁའི་ཝེ་ནེ་ཙུའེ་ལཱའི་འགུལ་སྐྱོད་ལ་རམ་འདེགས་བྱས་ནས་ཕྱོགས་གཅིག་ནས་གནམ་གྲུ་གཏོང་མཚམས་བཞག་པས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།