
ཝུའུ་ཁི་ལན་གྱི་ཙེ་ལིན་སི་ཅི་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གསར་བ་ཝུའུ་མེ་ལོ་ཧྥུའུ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་སོང་ནས། ཨ་མེ་རི་ཁའི་བར་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་གྱི་སྲིད་འཛིན་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་སྲིད་འཛིན་བཀའ་རྒྱ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་མེ་ལོ་ཧྥུའུ་གྲོས་མོལ་གྱི་འཐུས་ཚབ་ཚགོས་པའི་ཚོགས་གཙོ་གསར་བར་བསྐོ་འཇོག་བྱས་ཏེ། སྔོན་ཆད་ཀྱི་ཚོགས་གཙོ་ཡེ་ཨར་མཱ་ཁི་ཡི་ཚབ་ཏུ་འགན་ཁུར་དུ་བཅུག་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཐེངས་འདིར་ཨ་མེ་རི་ཁར་གྲོས་མོལ་བྱེད་དུ་འགྲོ་བའི་དམིགས་འབེན་མངོན་གསལ་ཡིན་པ་དང་། མྱུར་ཞིང་དོན་སྙིང་ལྡན་པའི་སྒོ་ནས་འཐབ་འཁྲུག་མཇུག་སྒྲིལ་བའི་བྱེད་ཐབས་གྲ་སྒྲིག་གཏན་འབེབས་བྱེད་པ་དེ་ཡིན། ཝུའུ་ཁི་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཨ་མེ་རི་ཁའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་རི་ནེ་ཝའི་གྲོས་མོལ་གྲུབ་འབྲས་དེ་ཨ་མེ་རི་ཁ་ནས་གཏན་འཁེལ་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།
གྲོས་མོལ་དེ་ཚེས30ཉིན་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།