
ཝེ་ནེ་ཙུའེ་ལཱའི་པའོ་ལེ་ཝ་ཨར་རྒྱལ་དམངས་དྲག་ཆས་དམག་དཔུང་གིས་ཚེས29ཉིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚོ་འགྲམ་འགོག་སྲུང་གི་དམག་དོན་སྦྱོང་བརྡར་སྤེལ་བ་དང་། དམིགས་ཡུལ་ནི་ས་ངོས་ཀྱི་ཕྱི་ཕྱོགས་འཇིགས་ཉེན་འབྱུང་དུས་ཀྱི་ཕྱོགས་བསྡུས་འགོག་རྒོལ་ནུས་པ་མངོན་ཆེད་རེད།
ས་དེའི་སྨྱན་བྱད་ཀྱིས་ཚེས29ཉིན་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཝེ་ནེ་ཙུའེ་ལཱའི་མཚོ་འགྲམ་གྱི་འཐབ་ཇུས་གནད་ས་མང་བོ་ནས་དུས་མཉམ་དུ་སྤེལ་བ་དང་། མཚོ་འགྲམ་གྱི་འགོག་སྲུང་བྱེད་ས་དང་སོ་ལྟ་ཁང་ལས་ཡོད་པར་མ་ཟད། མེ་སྒྱོགས་དང་མཁའ་སྲུང་མ་ལག མཚོ་འགྲམ་སྐོར་གཡེང་སོགས་བཀོད་སྒྲིག་བྱས་ཡོད།
ཉེ་སྔོན། ཨ་མེ་རི་ཁས་དུག་འགོག་རྒྱུ་མཚན་དུ་བྱས་ཏེ། ཝེ་ནེ་ཙུའེ་ལཱའི་ཉེ་འདབས་ཀྱི་ཅཱ་ལེ་པུས་མཚོ་ཁོངས་སུ་དམག་གྲུ་མང་བོ་བོད་སྒྲིག་བྱས་ནས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་གནོན་ཤུགས་བྱིན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས27ཉིན་བཤད་རྒྱུར། ཨ་མེ་རི་ཁས་མྱུར་མོར་འགུལ་སྐྱོད་སྤེལ་ཏེ། སྐམ་སའི་ལམ་ཐིག་བརྒྱུད་དེ་ཝེ་ནེ་ཙུའེ་ལཱའི་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་ངེས་ཡིན་ཟེར། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཐེངས་མང་བོར་ཨ་མེ་རི་ཁས་དམག་དོན་འཇིགས་ཉེན་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱའི་སྲིད་དབང་རྩ་རྫོགས་བྱེད་རྩིས་ཡོད་པར་མ་ཟད། ལཱ་ཏེན་མེ་གླིང་ས་ཁུལ་དུ་དམག་དོན་རྒྱ་བསྐྱེད་བྱེད་རྩིས་ཡོད་པར་སྐྱོན་འཛུགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།