ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་མཁའ་དམག་གིས་འཐབ་ཇུས་དམག་དོན་སྒྲིག་ཆས་གསར་བ་སྒྲིག་སྦྱོར་བྱེད་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཟླ11པའི་ཚེས30ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས28ཉིན་མི་དམངས་མཁའ་དམག་བཙུགས་ནས་ལོ་ངོ80འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། ཁྲའོ་ཞན་གྱི་མཁའ་དམག་ལ་འཐབ་ཇིུས་དམག་དོན་སྒྲིག་ཆས་གསར་བ་སྒྲིག་སྦྱོར་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་སྔར་ལས་ཆེ་བའི་ལས་འགན་སྤྲོད་རྒྱུ་ཡིན་ཟེར།

ཅིན་ཀྲིན་ཨིན་གྱིས་ཚེས28ཉིན་སྤེལ་བའི་ཁྲའོ་ཞན་མི་དམངས་མཁའ་དམག་བཙུགས་ནས་ལོ་ངོ80འགོར་བར་རྗེས་དྲན་བྱེད་པའི་སྙན་ཞུའི་ཚོགས་འདུའི་སྟེང་བཤད་རྒྱུར། མཁའ་དམག་གིས་ཉིང་རྡུལ་ནུས་པའི་འཐབ་འཁྲུག་བཀག་འགོག་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་ཐོན་དགོས་ཟེར། ཁོས་མཁའ་དམག་གིས་སྙིང་སྟོབས་ཆེན་པོ་དང་དཔུང་འཇུག་གི་བློ་སྤོབས་ཆེན་པོས་ཁྲའོ་ཞན་གྱི་མཁའ་ཁོངས་ལ་དམིགས་པའི་མྱུལ་ཞིབ་བྱ་སྤྱོད་དང་དམག་དོན་དཀྲུག་འཕེན་བྱ་སྤྱོད་གང་རུང་ལག་དུ་བསྟར་བའི་དགྲ་བོའི་གཡོ་ཇུས་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་དགོས་པའི་རེ་བ་བཏོན།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཉིན་དེར་མཁའ་དམག་གི་འཕུར་སྐྱོད་འཁྲབ་སྟོན་ལ་བལྟས་པར་མ་ཟད། མཁའ་དམག་ལ་ཁྲའོ་ཞན་གྱི་ཆེས་མཐོའི་བྱས་རྗེས་གཟེངས་རྟགས་ཅིན་ཀྲིན་རི་རྟགས་མ་བསྩལ།


བསོད་ནམས་ཚེ་རིང་གིས་བསྒྱུར།