ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་གྲོང་རྡལ་གལ་ཆེན་དམར་དམག་མཁར་དང་ཨོ་ཨར་ཁྲང་སི་ཁི་ཚོད་འཛིན་བྱས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ12པའི་ཚེས1ཉིན་གྱི་དགོང་མོར་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཟླ11པའི་ཚེས30ཉིན་ཨུ་རུ་སིའི་དམག་དདཔུང་གི་བཀོད་འདོམ་ཁང་ཞིག་ལ་རྟོག་ཞིབ་བྱས་པ་དང་། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་གྲོང་རྡལ་གལ་ཆེན་དམར་དམག་མཁར་དང་ཨོ་ཨར་ཁྲང་སི་ཁི་ཚོད་འཛིན་བྱས་པའི་སྐོར་གྱི་སྙན་ཞུར་ཉན་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།