
འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཟླ12པའི་ཚེས1ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་མགོར་ཞི་བདེ་བཙན་འཇོག་བྱེད་མི་རུང་བ་དང་། ཝུའུ་ཁི་ལན་དང་ཡོ་རོབ་གླིང་ལ་འབྲེལ་བའི་ཆོད་དོན་གང་ཡིན་ཡང་ཝུའུ་ཁི་ལན་དང་ཡོ་རོབ་གླིང་ཟབ་ཞུགས་བྱེད་དགོས་ཟེར།
མའོ་ཚི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཕའོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ཉིན་འགའ་དང་གཟའ་འཁོར་འགའི་ནང་ཕན་ཚུན་གཞོགས་འདེགས་གང་ལེགས་བྱས་ནས་ཤུགས་ཆེན་པོས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།
ཁོས་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཨུ་རུ་སི་གྲོས་མོལ་ནང་ཞུགས་སུ་འཇུག་པར་རེ་བཞིན་ཡོད་ཟེར།
མའོ་ཚི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཁ་བྲལ་དུ་གཏོང་མི་རུང་། ཝུའུ་ཁི་ལན་གྱི་འབྲེལ་བ་ནས་ཡོ་རོབ་གླིང་གི་མཐུན་སྒྲིལ་བར། མི་གང་རུང་དང་དོན་དག་གང་རུང་གིས་བར་ཆད་མི་བཟོ་བར་འགན་སྲུང་བྱེད་དགོས་ཟེར།
འཇར་མན་དང་ཕའོ་ལན་རྒྱལ་ཁབ་གཉིས་ཀྱིས་ཟླ12པའི་ཚེས1ཉིན་པའོ་ལིན་ནས་སྲིད་གཞུང་བར་གྱི་གྲོས་མོལ་སྤེལ་བ་དང་། བདེ་འཇགས་དང་འགོག་སྲུང་། དྲ་རྒྱ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། ལོ་རྒྱུས་རྗེས་དྲན་སོགས་ནི་ནང་དོན་གཙོ་བོ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།