
ཨུ་རུ་སིའི་སྲིད་འཛིན་གྱི་དམིགས་བསལ་འཐུས་མི་ཏི་མུས་ཐི་ལི་ཡེ་ཧྥུའུ་ཡིས་ཚེས3ཉིན་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིའི་ཐད་ཀྱི་གྲོས་མོལ་ལ་ཕན་འབྲས་བཟང་བོ་ཐོབ་ཡོད་ཟེར།
གཞན་ཡང་ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས3ཉིན་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་གཉིས་ཀྱིས་ཁི་ལི་མུའུ་ལིན་ཕོ་བྲང་ནས་སྤེལ་བའི་གྲོས་མོལ་ནས། ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་ཞིག་འགོད་ཐུབ་མེད་པ་དང་། ཨ་མེ་རི་ཁས་བཏོན་པའི་གྲོས་གཞི་རེ་འགའ་ཨུ་རུ་སི་ཡིས་དང་ལེན་བྱེད་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།