
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས2ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བསྟན་དོན། ཁོས་ཝུའུ་ཁི་ལན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པ་ཨ་མེ་རི་ཁར་གྲོས་མོལ་བྱེད་དུ་འགྲོ་བའི་སྙན་ཞུ་ཞིབ་མོར་ཉན་པ་དང་། ཨུ་རུ་སི་ཡིས་ངེས་པ་དོན་གྱི་ཞི་བདེ་དང་བདེ་འཇགས་འགན་སྲུང་མངོན་འགྱུར་བྱེད་པའི་ཐད་ནས་ཝུའུ་ཁི་ལན་དང་གཅིག་མཚུངས་ཀྱི་རེ་འདུན་མངོན་པར་བྱེད་དགོས་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཧུར་ཐག་སྒོས་གྲོགས་པོ་ཚང་མའི་བར་མཉམ་ལས་བྱས་ཏེ། ཡོ་རོབ་གླིང་དང་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་དང་བླངས་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དག་ཇུས་འདོན་ནང་ཞུགས་ཐུབ་པར་འགན་སྲུང་བྱེད་བཞིན་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ངེས་པ་དོན་གྱི་ཞི་བདེ་དང་བདེ་འཇགས་འགན་སྲུང་མངོན་འགྱུར་བྱེད་པའི་ཐད་འབད་འབུངས་བྱེད་བཞིན་ཡོད་པས། ཨུ་རུ་སིའི་ཕྱོགས་ཀྱིས་ཀྱང་ངེས་པར་དུ་དེ་མཚུངས་ཀྱི་རེ་འདུན་སྟོན་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།